ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏའོ་སྨི་ནི་ཀཱ་རྒྱལ་ཁབ་དུག་རྫས་ཚོད་འཛིན་ཅུའུ་ཡིས་ཚེས་ཉི་ཤུའི་ཉིན་ཁྱབ་སྒྲོག་བྱས་དོན། ཏའོ་སྨི་ནི་ཀཱའི་དུག་འགོག་མི་སྣས་ཉིན་དེར་རྒྱལ་ཁབ་དེའི་དབུས་ལྷོ་ཕྱོགས་ཀྱི་མཚོ་ཁོངས་ནས་དུག་རྫས་སྤྱི་རྒྱ་དྲུག་བརྒྱ་རྩད་ཆོད་པ་དང་། དུག་རྫས་ལྐོག་འཚོང་བྱེད་པའི་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས་ཟེར།

དུག་རྫས་ཚོད་འཛིན་ཅུའུ་ཡིས་བཤད་རྒྱུར། དུག་རྫས་དེ་ནི་ཧྲིན་ཁི་ལི་སི་ཐའོ་ཝ་ཨར་ཞིང་ཆེན་གྱི་ཕཱ་ལོན་ཁི་གྲོང་ཁྱེར་ཉེ་འདབས་ཀྱི་མཚོ་ཁོངས་ནས་རྩད་ཆོད་པ་དང་། དུག་རྫས་དེ་དག་ཁུག་མ་དྲུག་བརྒྱའི་ནང་བསྡུས་ཏེ་མྱུར་བགྲོད་གྲུ་གཟིངས་ཤིག་གི་ནང་སྦས་ཡོད་ལ། གྲུ་སྟེང་གི་དུག་རྫས་ལྐོག་འཚོང་བྱེད་པའི་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས། རྒྱུས་ལོན་བྱུང་བ་ལྟར་ན། དུག་རྫས་ལྐོག་འཚོང་མཁན་གྱི་ཐོག་མའི་འཆར་གཞི་ཡིན་ན་མེ་གླིང་ལྷོ་མའི་རྒྱལ་ཁབ་ནས་ཐོན་སྐྱེད་བྱས་པའི་དུག་རྫས་དེ་དག་ཨ་མེ་རི་ཁར་ལྐོག་འཚོང་བྱེད་རྩིས་ཡོད་པ་རེད།

དེ་ནི་ཏའོ་སྨི་ནི་ཀཱའི་དུག་འགོག་མི་སྣས་གཟའ་འཁོར་གཅིག་ནི་ནང་ཐེངས་གཉིས་པར་དུག་རྫས་མང་བོ་རྩད་ཆོད་པ་རེད། ཉིན་གསུམ་གྱི་སྔོན་ཏའོ་སྨི་ནི་ཀཱའི་དུག་འགོག་མི་སྣས་རྒྱལ་ས་ཧྲིན་ཏའོ་མེན་ཀི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་དུག་རྫས་སྤྱི་རྒྱ་བཞི་བརྒྱ་དང་ལྔ་བཅུ་རྩད་ཆོད་པར་མ་ཟད། གནམ་གྲུའི་ཁ་ལོ་བ་གཉིས་དང་བཅས་པའི་དོགས་ཡོད་མི་སྣས་བཅུ་འཛིན་བཟུང་བྱས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།