ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་གཅིག་ཉིན་རྒྱལ་སྤྱིའི་ནགས་ཚལ་ཉིན་མོར་ཞུ་ཚིག་ཕུལ་ཏེ། ནགས་ཚལ་ལ་སྲུང་སྐྱོབ་བྱས་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འཛམ་གླིང་སྟེང་མི་ཐེར་འབུམ་གཅིག་དང་འབུམ་དྲུག་ཙམ་གྱིས་ནགས་ཚལ་ལ་བརྟེན་ནས་ཟས་རིགས་དང་འབར་རྫས། སྡོད་ཁང་། ཡོང་འབབ་བཅས་ཐོབ་བཞིན་ཡོད་ཅིང་། ནགས་ཚལ་གྱིས་རི་ཉིལ་བ་དང་ས་ཞིང་ཞིག་ལད་དུ་འགྲོ་བར་སྔོན་འགོག་ཐུབ་ལ། ནགས་ཚལ་གྱིས་ད་རུང་རྒྱ་མཚོ་འཕྱུར་བའི་གཏོར་བརླག་ཇེ་ཆུང་དུ་གཏོང་ཐུབ་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། ནགས་ཚལ་གྱི་ཆེས་གལ་ཆེ་བའི་བྱེད་ནུས་ཤིག་ནི་ནམ་ཟླའི་འགྱུར་ལྡོག་དང་ལྷག་ཏུ་འཚམ་པའི་སྤྱི་ཚོགས་འཛུགས་པར་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་པ་དེ་ཡིན་ཞིང་། ནགས་ཚལ་དང་ནམ་ཟླའི་འགྱུར་ལྡོག་གི་འབྲེལ་བ་ཟབ་མོར་འགན་སྲུང་བྱེད་ཐུབ། མིའི་རིགས་ཀྱིས་བསྐྱེད་པའི་དབྱང་གཉིས་ཐན་འགྱུར་ཕྱིར་གཏོང་ཁྲོད་བརྒྱ་ཆའི་བཅུ་བདུན་ནི་ནགས་ཚལ་བཅད་པ་དང་ས་ཞིང་བདག་འཛིན་བྱས་པ་ལས་བྱུང་བ་རེད་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། མིའི་རིགས་ཀྱིས་ངེས་པར་དུ་ནགས་ཚལ་ལ་སྲུང་སྐྱོབ་བྱེད་དགོས་ཟེར། ཁོས་མཐོ་རིམ་ཆབ་སྲིད་ཁས་ལེན་དང་ཕན་ནུས་ལྡན་པའི་སྲིད་ཇུས། ཕན་ནུས་ལྡན་པའི་ཁྲིམས་འཛིན། གྲོགས་པོའི་འབྲེལ་བ་གསར་གཏོད། དངུལ་གཏོང་གི་ཐབས་བཅས་ལ་བརྟེན་ནས་དམིགས་འབེན་དེ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་བཤད་རྒྱུར། རྒྱལ་སྤྱིའི་ནགས་ཚལ་ཉིན་མོའི་སྐབས་སུ་ང་ཚོས་སྡོང་བོ་གཅོད་ཚད་ཇེ་ཉུང་དུ་གཏོང་བ་དང་ནགས་ཚལ་ལ་སྲུང་སྐྱོབ་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་དང་འཚམ་པའི་མ་འོངས་པ་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།

འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ནགས་ཚལ་གྱི་གལ་ཆེན་རང་བཞིན་ཐད་ཀྱི་ངོས་ཟིན་མཐོར་འདེགས་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པར་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་རྒྱལ་སྤྱིའི་ནགས་ཚལ་ཉིན་མོར་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་སོ་སོས་ནགས་ཚལ་གྱིས་སའི་གོ་ལའི་སྟེང་གི་ཚེ་སྲོག་ཡོད་ཚད་ལ་ཐོན་པའི་ནུས་པ་གལ་ཆེན་དྲིལ་སྒྲོག་བྱས་ཏེ་འཛམ་གླིང་རང་བཞིན་གྱི་སྡོང་འཛུགས་ལས་འགུལ་ལ་ཡར་སྐུལ་གཏོང་དགོས་པའི་གྲོས་གཞི་བཏོན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།