ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐིའི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཚེས་བཅུ་དྲུག་ཉིན་དབྱི་རག་ཏུ་འབྱོར་བ་དང་། ཐེངས་འདིའི་འཆར་གཞི་ནི་དབྱི་རག་ལ་འཚམས་འདྲི་བྱེད་པའི་སྐབས་སུ་ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་དཔོན་རིགས་རེ་འགར་ཐུག་འཕྲད་བྱེད་རྒྱུ་རེད།

བསྒྲགས་པ་ལྟར་ན། ཁཱ་ཐི་ཡི་འཆར་གཞི་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་ཤུགས་སྣོན་པའི་ཐད་ནས་དབྱི་རག་མངའ་ཁོངས་ཀྱི་ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་འཐུས་མི་དང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

དེ་ནི་ཁཱ་ཐི་ཡིས་ད་ལོའི་ཟླ་གཉིས་པར་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ་ཐེངས་གཉིས་པར་དབྱི་རག་ཏུ་འཚམས་འདྲི་བྱས་པ་རེད། ཁཱ་ཐི་ཡིས་སྔོན་ཐེངས་དབྱི་རག་ཏུ་འཚམས་འདྲི་བྱེད་པའི་སྐབས་ནི་ཟླ་བདུན་པ་རེད། སྐབས་ཐོག་དེར་ཁོས་ཨ་མེ་རི་ཁའི་བཀོད་འདོམ་དཔོན་པོ་དང་དབྱི་རག་གི་དཔོན་རིགས་ལ་གྲོས་མོལ་བྱས་པ་དང་། ཡུལ་དངོས་ནས་དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ལ་དཔྱད་འཇོག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།