དབྱིན་ཇིའི་ནོར་སྲིད་བློན་ཆེན་ཨོ་སི་པིན་གྱིས་ཚེས་བཅུ་བདུན་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔའི་ནོར་སྲིད་བློན་ཆེན་གྱིས་ཚེས་བཅུ་བདུན་ཉིན་གྲོས་ཆོད་བཀོད་དེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་རྩ་ནས་གཅོད་པར་འབད་བརྩོན་བྱེད་རྒྱུའི་ཐག་བཅད།

བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ནོར་སྲིད་བློན་ཆེན་གྱིས་ཚེས་བཅུ་བདུན་ཉིན་ཉིག་ཡོ་རུ་ཡོད་པའི་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་བའི་རིང་ལ་ཐོག་དང་པོར་གྲོས་ཚོགས་དེ་འདྲ་བསྡུས་པ་ཡང་རེད། གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་གྲོས་ཆོད་ཀྱིས་འཛམ་གླིང་རྒྱལ་ཁབ་སོ་སོས་ཕན་ནུས་ལྡན་ཞིང་ཐག་གཅོད་རང་བཞིན་ལྡན་པའི་བྱེད་ཐབས་སྤྱོད་དགོས་པ་དང་། རྡོ་སྣུམ་དང་རིག་དངོས་ལྐོག་འཚོང་སོགས་སྔོན་འགོག་བྱེད་པའི་བྱེད་ཐབས་སྤྱད་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་དགོས་པའི་སྐུལ་མ་བཏང་།

བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ནི་འཛམ་གླིང་སྟེང་ཆེས་འབྱོར་ཕྱུག་ལྡན་པའི་དྲག་ཆས་རྩ་འཛུགས་ཤིག་ཡིན་པ་དང་། རྟོག་ཞིབ་གྲུབ་འབྲས་གསར་བ་ཞིག་ལས་མངོན་པ་ལྟར་ན་རྩ་འཛུགས་དེའི་ཟླ་རེའི་ཡོང་འབབ་མེ་སྒོར་བྱེ་བ་བརྒྱད་ལ་བསླེབ་ཡོད་པ་རེད།

ཨ་མེ་རི་ཁ་དང་ཨུ་རུ་སིས་མཉམ་འབྲེལ་གྱིས་རྩོམ་འབྲི་བྱས་པའི་གྲོས་ཆོད་དེ་ལས་གཏན་འཁེལ་བྱས་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་མི་སྒེར་དང་རྩ་འཛུགས་གང་རུང་ལ་རྒྱུ་ནོར་བཀག་འཇོག་བྱེད་པ་དང་། གནས་སྐོར་གཏན་འགོག་བྱེད་པ། དམག་ཆས་ཉོ་བསྡུ་གཏན་འགོག་བྱེད་པ་སོགས་ཀྱི་བྱེད་ཐབས་འདུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀག་སྡོམ་ཐེབས་སྲིད་པ་རེད།

གྲོས་ཆོད་དེ་ལས་འཛམ་གླིང་གི་རྒྱལ་ཁབ་སོ་སོས་བཀག་སྡོམ་བྱེད་སའི་མིང་འདོན་སྤྲོད་བྱེད་དགོས་པ་དང་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བའི་བརྡ་འཕྲིན་མཉམ་སྤྱོད་བྱེད་དགོས་པའི་སྐུལ་མ་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།