2015年7月21日在叙利亚城镇杜马拍摄的扎赫兰·阿卢什的资料照片。.jpg

འདི་ནི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། སི་རི་ཡཱའི་མཁར་གྲོང་ཏུའུ་མཱ་ནས་པར་བླངས་པའི་ཨ་ལུའུ་ཧྲི་ཡི་རྒྱུ་ཆའི་པར་རིས་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཡིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་ངོ་རྒོལ་དྲག་ཆས་པ་དབྱི་སི་ལན་དམག་དཔུང་ཞེས་པའི་མགོ་བ་ཨ་ལུའུ་ཧྲི་ཉིན་དེར་མཁའ་དམག་གིས་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཀུའུ་ཐཱ་ཤར་ཁུལ་དུ་བར་སྣང་འཇབ་རྒོལ་བྱེད་སྐབས་བསད་པ་བདེན་དཔང་བྱས། དབྱི་སི་ལན་དམག་དཔུང་ཞེས་པ་ནི་ཀུའུ་ཐཱ་ཤར་ཁུལ་གྱི་ཆེས་ཆེ་བའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་ཡིན་པ་རེད། དབྱི་སི་ལན་དམག་དཔུང་ཞེས་པའི་འབྲེལ་ཡོད་མི་སྣས་བཤད་རྒྱུར། དབྱི་སི་ལན་དམག་དཔུང་ཞེས་པའི་རྩ་འཛུགས་ཀྱིས་ཨ་ལུའུ་ཧྲི་ཡི་རྒྱུན་འཛིན་པ་བདམས་ཐོན་བྱུང་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།