མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2012-09-12 11:33


དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས8ཉིན། ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་མི་རིགས་སློབ་འབྲིང་གི་དགེ་སློབ་ཡོངས་སློབ་རའི་རིག་གནས་ཐང་ཆེན་དུ་འཛོམས་ཏེ་ཐེངས28པའི་དགེ་རྒན་དུས་ཆེན་ལ་རོལ། ཉིན་འདིར་སློབ་གྲྭས་ད་དུང་རྫོང་གི་བྱ་དགའི་རོགས་དངུལ་དང་རང་གྲབས་མ་དངུལ་སོགས་བསྡོམས་པས་སྒོར་འབུམ་གཅིག་ལྷག་གིས་དགེ་སློབ་རྣམས་ལ་དགའ་རྟགས་གནང་།

དགེ་རྒན་རིན་ཆེན་མཚོ་ནི་དཔའ་རིས་མི་རིགས་སློབ་འབྲིང་གི་དགེ་རྒན་ཞིག་ཡིན་ལ། ཁོ་མོས་མི་རིགས་དགེ་ཐོན་སློབ་གྲྭ་དང་མི་རིགས་སློབ་འབྲིང་དུ་ལོ་མང་པོར་སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་གཉེར་མྱོང་ཞིང་། འབད་པ་ལྷོད་མེད་ཀྱིས་རང་གི་སློབ་གསོའི་ལས་གནས་སུ་གཞོལ་བས། ཐེངས་འདིའི་དགེ་རྒན་དུས་ཆེན་གྱི་བྱ་འགུལ་ཁྲོད་ཁོ་མོ་ཕུལ་བྱུང་དགེ་རྒན་གྱི་གྲས་སུ་ཚུད་པ་དང་། ཁོ་མོའི་སློབ་མ་གཉིས་ཀྱང་ད་ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད།

སློབ་གྲྭ་འདིས་སློབ་གྲྭའི་དོ་དམ་མི་ཆོས་ཅན་དང་། རྒྱབ་འདེགས་དོ་དམ་སྤྱི་ཚོགས་ཅན། བཅའ་སྡོད་དོ་དམ་ཚད་ལྡན་ཅན། སྒྱུ་རྩལ་སློབ་གསོ་ཁྱད་འཕགས་ཅན། སློབ་གསོའི་བྱ་ཐབས་ཆ་འཕྲིན་ཅན་བཅས་ཅན་བཞིའི་འཛུགས་སྐྲུན་དམིགས་ཡུལ་དུ་བཟུང་སྟེ། རང་སྟེང་ནས་བརྩོན་པ་གང་ལེགས་ཀྱིས་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་ལ་བརྟེན་ནས་མུ་མཐུད་དུ་གསར་གཏོད་ཀྱི་ལམ་བུར་སྙེག་ཅིང་ཞིང་ཆེན་ཡོངས་སུ་ཆེས་ཕུལ་དུ་བྱུང་བའི་མི་རིགས་བཅའ་སྡོད་སློབ་གྲྭ་ཞིག་ཏུ་བསྒྱུར་བར་བརྩོན་པ་བྱེད་བཞིན་རེད།  །