མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2012-09-20 11:58

 01.jpg
བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས17ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོབ་ལས་གཞི་མགོ་ཚུགས་པའི་མཛད་སྒོ་དེ་བླ་བྲང་དགོན་པར་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་མཛད་སྒོ་ལས་བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་དངོས་སུ་མགོ་བརྩམས་པ་མཚོན།

    རྒྱུས་ལོན་པ་ལྟར་ན། མི་འགྱངས་བར་ལག་ལེན་དུ་བསྟར་རྒྱུ་ཡིན་པའི་བླ་བྲང་རིག་རྫས་བསྐྱར་སྐྲུན་དང་སྲུང་སྐྱོང་ལས་གཞི་འཛུགས་སྐྲུན་དུ་རིག་རྫས་སྲུང་སྐྱོང་དང་། དགོན་པའི་རྨང་གཞི་སྒྲིག་ཆས་བཅོས་སྒྱུར། དགོན་པའི་རིག་རྫས་འགྲེམ་སྟོན་དང་ཡུལ་སྐོར་ཞབས་ཞུ་མཐུན་སྡེབ་སྒྲིག་ཆས་འཛུགས་སྐྲུན་བཅས་ཁག་གསུམ་འདུས། །