མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་བོད་རྒྱ་སྐད་གཉིས་དངུལ་ལེན་འཕྲུལ་ཆས་དངོས་སུ་བཀོལ་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-07-29 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་ཞིང་ལས་དངུལ་ཁང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཡན་ལག་དངུལ་ཁང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་བླང་བྱ་ལྟར། ནུས་པ་གང་ཡོད་ཀྱིས་རོང་འབྲོག་ཁུལ་གྱིས་བཀོལ་བའི་རང་ལེན་དངུལ་རྩའི་ཞབས་ཞུའི་འཕྲུལ་ཆས་ལ་འཕྲད་པའི་སྐད་རིགས་ཀྱི་བཀག་རྒྱ་ཐག་བཅད་པ་མ་ཟད། ཧུརབརྩོན་གྱིས་དངུལ་རྩའི་ཡོ་བྱད་འཇོག་པ་དང་བོད་རྒྱ་སྐད་གཉིས་ཀྱི་སྒོར་མོ་རང་ལེན་འཕྲུལ་ཆས་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ཞིང་། གྲུབ་འབྲས་ཅུང་བཟང་བོ་བླངས།

དུས་ཚིགས་དང་པོའི་ནང་། རྫོང་ཡོངས་སུ་བོད་རྒྱ་སྐད་གཉིས་ཀྱི་སྒོར་མོ་རང་ལེན་འཕྲུལ་ཆས་ལྔ་བཞག་ནས་བཀོལ་འགོ་བརྩམས་ཡོད། ཕ་ཡུལ་ཅོ་ནེ་རྫོང་མཁར་ཆེན་ཞང་ཏ་ཙུའུ་སྡེ་བའི་བོད་རིགས་ཨ་མ་རྒན་མོ་ཞིག་ཞིང་ལས་དངུལ་ཁང་དུ་བཞག་པའི་སྒོར་མོ་རང་ལེན་ཞབས་ཞུ་འཕྲུལ་ཆས་སུ་མི་སྒེར་གྱི་དངུལ་འཇོག་ལེན་ལས་སྒོ་བསྒྲུབ་སྐབས་བཤད་རྒྱུར། བོད་རྒྱ་སྐད་གཉིས་མངོན་པའི་རང་ལེན་འཕྲུལ་ཆས་འདི་ངོ་མ་བཟང་གི སྔོན་ཆད་ཀྱི་རང་ལེན་འཕྲུལ་ཆས་སུ་བོད་སྐད་མེད་པས་ང་ཚོས་གོ་མི་ཐུབ་ལ་ལྟ་ཡང་མི་ཤེས། བཀོལ་དེ་བས་མི་ཤེས། ད་སྔ་འདི་རུ་སྒྲིག་སྦྱོར་བྱས་པའི་སྒོར་མོ་རང་ལེན་འཕྲུལ་ཆས་སུ་རྒྱ་ཡིག་ཤར་ཡོད་པའི་མི་ཚད། བོད་ཡིག་ཀྱང་ཤར་ཡོད། ཧ་ཅང་སྟབས་བདེ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག