མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྒྱལ་ཡོངས་ཀྱི《ཀྲུང་ཧྭ་ཚིག་མཛོད་ཆེན་མོ་བོད་ཡིག་མ》ཞེས་པའི་རྩོམ་སྒྲིག་བྱ་བའི་ས་ཚིགས་ཐོག་མ་དེ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་ནས་ཚུགས་པ།

རྩོམ་པ་པོ། བན་དེ་མཁར།  ཡོང་ཁུངས། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-08-01 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7པའི་ཚེས་26ཉིན། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་ནས་རྒྱལ་ཡོངས་ཀྱི་རྩོམ་སྒྲིག་བྱ་བའི་ས་ཚིགས་ ཐོག་མ་བཙུགས། 《ཀྲུང་ཧྭ་ཚིག་མཛོད་ཆེན་མོ་བོད་ཡིག་མ》ཞེས་པའི་རྩོམ་སྒྲིག་ནི་བོད་ཀྱི་སྲོལ་ རྒྱུན་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་བའི་མཚོན་རྟགས་རང་ བཞིན་གྱི་བཟོ་འགོད་ཅིག་ཡིན།

《ཀྲུང་ཧྭ་ཚིག་མཛོད་ཆེན་མོ་བོད་ཡིག་མ》 ཞེས་པའི་རྩོམ་སྒྲིག་བྱ་བས་ལོ་བཅོ་ལྔའི་དུས་ཚོད་བཀོལ་ནས། བོད་བཙན་པོའི་དུས་ ས་སྐབས་ནས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་སྔོན་གྱི་བོད་ཡིག་ཚད་ལྡན་ཡིག་ཆའི་བསྟན་བཅོས་པར་དུ་སྐྲུན་པ་དང་། དཔེ་ཆ་རིགས་སྟོང་ལྷག་འཚོལ་བསྡུ་བྱ་རྒྱུ་ཡིན་པ་དང་། སྤྱིའི་རིགས་ཉི་ཤུ་བགོ་རྒྱུའི་འཆར་གཞི་ཡོད། དཔེ་ཆ་ཡོངས་ཀྱི་སྒྲིག་སྟངས་ལ་ བོད་ཡིག་སྲོལ་རྒྱུན་སྦྱང་ཚན་སྒྲིག་པའི་ཁྱད་ཆོས་ཡོད་དུ་འཇུག་རྒྱུ་མ་ཟད། དེང་རབས་སྦྱང་ཚན་མ་ལག་གི་རིགས་དབྱེ་ཁྱད་ཆོས་ཡོད་པར་བྱ་རྒྱུ་རེད། 《ཀྲུང་ཧྭ་ཚིག་ མཛོད་ཆེན་མོ་བོད་ཡིག་མ》ཞེས་པས་རྒྱལ་སྤྱིའི་ཨང་སྒྲིག་ཚད་ལྡན་དང་འཚམ་པའི་བོད་ཡིག་མཉེན་ཆས་གཅིག་གྱུར་སྒོས་བཀོལ་ནས་ནང་དུ་འཇུག་པ་དང་གོ་རིམ་སྒྲིག་པ། 《ཀྲུང་ཧྭ་ཚིག་མཛོད་ཆེན་མོ་བོད་ཡིག་མ》ཞེས་པ་པར་སྐྲུན་བྱེད་པ་དང་མཉམ་དུ། སྦྱང་ཚན་རིགས་ཆ་ཚང་བའི་བོད་ཡིག་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཀྱི་ཡི་གེ་ཆ་ཚང་བའི་གྲངས་གཞིའི་མཛོདའཛུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག