མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་དྲིལ་སྒྲོག་པུའུ་སོགས་ལས་ཁུངས་ཀྱིས་ཉིན་མ་དགོན་པར་སོང་ནས་དབུལ་སྐྱོར་བྱ་འགུལ་སྤེལ་བ།

ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-11-18 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ་ཡིས་རྫོང་སློབ་གསོ་ཅུས་དང་རིག་དངོས་ཅུས། འཆར་སྐྱེས་ཅུས། ཞིང་སྡེ་གསར་བའི་གཞུང་སྒྲུབ་ཁང་། གེ་སར་གསེར་གཏེར་ཀུང་སི་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བསྡུས་ནས་ཉིན་མ་བེ་ཤིང་དགོན་དུ་ལས་ཁུངས་ཀྱིས་གྲྭ་བར་འབྲེལ་བ་བྱེད་པའི་བྱ་འགུལ་ལག་བསྟར་བྱས།

བྱ་འགུལ་ཁྲོད་དུ་ལས་ཁུངས་སོ་སོས་རང་འབྲེལ་གྱི་གྲྭ་བ་དང་འབྲེལ་ཡོད་ཀྱི་བྱ་བའི་ཡར་ཞུ་ལ་ནན་གྱིས་ཉན་ཏེ་ཟིན་ཐོར་ཕབ་པ་དང་། དགོན་པའི་ཁང་རྙིང་དང་ཆུ་གློག ཆུ་རགས་སོགས་ཀྱི་ཐད་དུ་གནས་པའི་གནད་དོན་ལ་ཕྱོགས་གཉིས་ནས་གྲོས་སྡུར་བྱས། ཐེངས་འདིའི་བྱ་འགུལ་ཁྲོད་དུ་འབྲེལ་ཡོད་ལས་ཁུངས་6གིས་དགོན་པར་རོགས་སྐྱོར་སྒོར་མོ་ཁྲི་2.6གནང་སྦྱིན་བྱས་ནས་དགོན་པ་དང་ལས་བྱེད་འབྲེལ་བའི་ལམ་ལུགས་འཐུས་ཚང་དུ་བཏང་བ་མ་ཟད། ནང་བསྟན་དགོན་སྡེ་དང་གྲྭ་བ་རྣམས་ཀྱིས་ཏང་ལ་ཡིད་ཆེས་དང་བློ་དཀར་བར་ནུས་པ་གལ་ཆེན་ཐོན་ཅིང་བསམ་བློའི་ཐོག་ནས་ཆོས་ལུགས་དད་མོས་ལ་བརྩི་མཐོང་དང་མཐུན་སྒྲིལ་མཉམ་གནས་ཀྱི་ངེས་ཤེས་ཟབ་མོ་བསྐྱེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག