མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་རྒྱལ་གཅེས་རིན་ཐང་ལྟ་བའི་གླུ་དབྱངས་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-11-18 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གུང་གཞོན་ཚོགས་པ་དང་རྫོང་སློབ་གསོ་ཅུས་ཀྱིས་མཉམ་སྦྲེལ་སྒོས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་མཐོ་འབྲིང་སྡེ་ཁག་གི་གུང་གཞོན་ཡན་ལག་ཚོགས་པས་རམ་འདེགས་འོག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དྲིལ་སྒྲོག་བྱེད་པའི་གླུ་དབྱངས་མཉམ་ལེན་འགྲན་སྡུར་གྱི་བྱེད་སྒོ་རྒྱ་ཆེར་སྤེལ།

འགྲན་སྡུརཁྲོད་དུ་འཛིན་གྲྭ་16གིས་མཉམ་ལེན་ཚོགས་པས་མེས་རྒྱལ་དང་ཏང་བསྟོད་པའི་ལྷག་བསམ་དང་གཅེས་སྐྱོང་གི་བཀའ་དྲིན་མཚོན་པའི་མགྲིན་པ་གཟེངས་སུ་བཏེགས་ནས་སློབ་སྦྱོང་ལ་དགའ་ཞིང་ཕུགས་འདུན་གྱིས་ཕྱུག་པའི་ཆོད་སེམས་དང་ཡིད་ཆེས་ཡོངས་སུ་མཚོན་པར་བྱས། བྱ་འགུལ་བརྒྱུད་སློབ་མ་རྣམས་ཀྱི་ཡིད་ཆེས་དང་སྤོབས་པ་སྔར་བས་ཇེ་བརྟན་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བའི་ན་ཆུང་གདོང་ལེན་རུ་ཁག་གཅིག་གི་སེམས་ཀྱི་ལྷད་མེད་སྨོན་འདུན་ཀུན་ནས་མཚོན་པར་བྱས་པས་སློབ་མ་ཀུན་ལ་རིན་ཐང་ལྟ་བའི་ཁ་ཕྱོགས་དང་སྙིང་དོན་ལ་ངོས་ཟིན་ཟབ་ཏུ་བསྐྱེད་ཅིང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་གཅིག་བསྐྱེད་ལ་ནུས་པ་གལ་ཆེན་བཏོན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག