མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཡིས་དབུལ་སྐྱོར་མ་དངུལ་ལ་ལྟ་སྐུལ་དང་དོ་དམ་བྱ་ཤུགས་ཆེ་རུ་བཏང་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-12-06 11:00

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱིས་སྒྲིག་སྲོལ་ལམ་ལུགས་རིམ་བཞིན་བཟོས་ནས་དབུལ་སྐྱོར་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་སྒེར་སྤྱོད་དང་ཧམ་བཟུང་བྱ་རྒྱུ་ནན་འགོག་བྱས་པ་རེད།

    ནུབ་རྒྱུད་ཀྱི་འཕེལ་རྒྱས་འགྲོ་འགོར་བའི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་དབུལ་སྐྱོར་འགག་སྒྲོལ་ནི་ཀན་སུའུ་ཞིང་ཆེན་གྱི་ཐོག་མཐའ་བར་གསུམ་གྱི་དོན་ཆེན་ཨང་དང་པོ་དེ་ཡིན་པ་དང་།དབུལ་སྐྱོར་མ་དངུལ་སྤྱོད་རྒྱུ་དེ་ནི་དབུལ་སྐྱོར་གསར་སྤེལ་གྱི“སྣེ་འདྲེན”ཞིག་རེད།འདི་ལོའི་ལོ་སྟོད་དུ་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་ཀན་སུའུ་རུ་སྐོར་ཞིབ་བྱས་པ་དང་སྐོར་ཞིབ་ཚོགས་ཆུང་གིས་ཀན་སུའུ་རུ་རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་ལྟ་སྐུལ་དོ་དམ་དམིགས་སར་མ་འབྱོར་བའི་གནད་དོན་གནས་པ་དང་མ་དངུལ་སྒེར་སྤྱོད་བྱས་པའི་གནས་ཚུལ་ཐོན་པའི་ཚུར་ལན་བསམ་འཆར་བཏོན་ཡོད།

    ཀན་སུའུ་ཞིང་ཆེན་གྱིས་གནས་ཚུལ་ཤེས་མ་ཐག་སྒྱུར་བཅོས་བྱས་ནས་འབྲེལ་ཡོད་དོ་དམ་ལམ་ལུགས་འཕྲལ་མར་འཐུས་སྒོ་ཚང་དུ་བཏང་བ་རེད།དེ་གོང་ཀན་སུའུ་ཞིང་ཆེན་གྱིས《ཀན་སུའུ་ཞིང་ཆེན་གྱི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་བེད་སྤྱོད་དང་དོ་དམ་ལག་བསྟར་བྱ་ཐབས》དང《ཀན་སུའུ་ཞིང་ཆེན་གྱི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་གྱི་རྫོང་རིམ་པའི་རྩིས་ཐོའི་ལམ་ལུགས་ལག་བསྟར་ཞིབ་སྲོལ》བཏོན་ནས་དབུལ་སྐྱོར་མ་དངུལ་བེད་སྤྱོད་ཚད་ལྡན་ཡོང་བ་བྱས་པ་རེད།ཀན་སུའུ་ཡིས་དབུལ་པོའི་མི་འབོར་དང་།དབུལ་པོ་ཐོན་ཚད།ཁོངས་གཏོགས་རྫོང་།ཞིང་འབྲོག་པ་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ།མི་རེའི་ཆ་སྙོམས་ས་གནས་ནོར་སྲིད་ཡོང་འབབ།དབུལ་སྐྱོར་ཕན་འབྲས་སོགས་རྒྱུ་རྐྱེན་ཆེ་གྲས་ཁག་དྲུག་ལ་ཕྱོགས་བསྡུས་ཐོག་བསམ་གཞིག་བྱས་ནས་དབུལ་སྐྱོར་མ་དངུལ་བགོ་བཤའ་བརྒྱབ་པ་མ་ཟད།ཐེངས་གཅིག་རང་ལ་རྫོང་དང་།གྲོང་ཁྱེར།ཆུས་བཅས་སུ་དོན་འཁྱོལ་བྱས་ཏེ་རྫོང་དང་།གྲོང་ཁྱེར།ཆུས་བཅས་ཀྱིས་རང་འགུལ་ངང་རྣམ་གྲངས་ཞིབ་བཤེར་ཆོག་མཆན་དང་གཏན་འཁེལ་བྱས་པ་དང་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་པོས་ལྟ་སྐུལ་དོ་དམ་གྱི་ཐོ་འགོད་སྙན་ཞུ་བྱས་པ་དང་ཆབས་ཅིག་མ་དངུལ་བགོ་བཤའི་འཆར་གཞི་དེ་ཞིང་ཆེན་དེ་ཡོངས་སུ་ཡོངས་ཁྱབ་ངང་ཁྱབ་བསྒྲགས་བྱ་རྒྱུ་རེད།ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་ཚང་མ་རྒྱལ་མཛོད་ཀྱི་རྩིས་ཐོ་རྐྱང་པའི་ནང་བཅུག་ནས་ཆེད་འཇོག་རྩིས་ཐོའི་ནང་ཉར་ཚགས་དང་།ཆེད་འཇོག་རྩིས་ཐོའི་དོ་དམ།བཀག་སྡོམ་འཁོར་སྐྱོད།རྩིས་ཁྲ་དབྱེ་ནས་ཞིབ་རྩིས།ཆེད་དངུལ་ཆེད་སྤྱོད་བཅས་བྱ་རྒྱུ་རེད།

    ཉེ་དུས་ཀན་སུའུ་ཞིང་ཆེན་གྱིས《ཀན་སུའུ་ཞིང་ཆེན་གྱི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་ལྟ་སྐུལ་དོ་དམ་མ་ལག་འཛུགས་པའི་ཇུས་གཞི》སླར་ཡང་ཁྱབ་བསྒྲགས་བྱས་ཏེ་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་རྣམ་གྲངས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དབུལ་སྐྱོར་མ་དངུལ་བདེ་འཇགས་ངང་འཁོར་སྐྱོད་དང་རྣམ་གྲངས་ཚད་ལྡན་ངང་ལག་བསྟར་བྱེད་ཐུབ་པ་བྱ་རྒྱུ་རེད།

    ད་རེས་ཁྱབ་བསྒྲགས་བྱས་པའི་འཛུགས་སྐྲུན་ཇུས་གཞིའི་ནང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་འགན་འཁྲི་ཁ་གསལ་བཟོས་ཡོད།ཇུས་གཞིའི་ནང་གྲོང་ཁྱེར་རིམ་པའི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་ནི་དབུལ་སྐྱོར་མ་དངུལ་ལྟ་སྐུལ་དོ་དམ་གྱི་འགན་འཁུར་མཁན་གཙོ་བོ་ཡིན་པ་དང་།རྫོང་རིམ་པ་ནི་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་ལྟ་སྐུལ་དོ་དམ་བྱེད་མཁན་གཙོ་བོ་ཡིན་པ།རྫོང་རིམ་པའི་ཏང་སྲིད་ཀྱི་འགོ་ཁྲིད་ཨང་དང་པོ་ནི་ལྟ་སྐུལ་དོ་དམ་གྱི་འགན་འཁུར་མཁན་ཨང་དང་པོ་ཡིན་པ་བཅས་རེད།རྫོང་ཨུད་ཧྲུའུ་ཅིས་གཙོ་བོ་དབུལ་སྐྱོར་མ་དངུལ་གྱི་ལྟ་སྐུལ་དོ་དམ་གྱི་སྲིད་དོན་གཙང་སྐྱོང་གི་འགན་འཁུར་བ་དང་།རྫོང་དཔོན་གྱིས་དབུལ་སྐྱོར་མ་དངུལ་ཚད་ལྡན་ངང་འཁོར་སྐྱོད་དང་།རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ།སྤུས་ཚད་དང་ཕན་འབྲས་བཅས་ཀྱི་འགན་འཁུར་བ།རྫོང་རིམ་པའི་དབུལ་སྐྱོར་གཙོ་གཉེར་སྡེ་ཚན་ནི་མ་དངུལ་ལྟ་སྐུལ་དོ་དམ་གྱི་ཞིབ་ཕྲའི་ཚན་པ་ཡིན་པ།གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཏང་སྲིད་འགོ་ཁྲིད་གཙོ་བོས་ལོ་ལྟར་དབུལ་སྐྱོར་མ་དངུལ་སྤྱོད་ཚུལ་ཞིབ་བཤེར་ཐེངས་2ལས་མི་ཉུང་བ་བྱེད་པ་དང་ལས་བགོས་འགོ་ཁྲིད་ཀྱིས་དུས་ཚིགས་རེར་ཞིབ་བཤེར་ཐེངས་རེ་བྱས་ཏེ་ཞིབ་བཤེར་བྱས་འབྲས་རིམ་པ་བཞིན་སྙན་སེང་ཞུ་དགོས་པའི་གཏན་འབེབས་བྱས་ཡོད།

    དབུལ་སྐྱོར་མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་ཀྱི་གནས་ཚུལ་དུས་བཀག་ཐོག་ཡོངས་བསྒྲགས་བྱེད་དགོས།རྫོང་རིམ་པའི་དབུལ་སྐྱོར་རྣམ་གྲངས་དང་མ་དངུལ་འབྲེལ་ཡོད་དབུལ་སྐྱོར་གཙོ་གཉེར་སྡེ་ཚན་གྱིས་ཤང་གྲོང་དུ་ཁྱབ་བསྒྲགས་བྱེད་པ་དང་།ཤང་གྲོང་གི་དབུལ་སྐྱོར་རྣམ་གྲངས་དང་མ་དངུལ་ཤང་གྲོང་སྲིད་གཞུང་གིས་སྲིད་འཛིན་གྲོང་ཚོར་ཁྱབ་བསྒྲགས་བྱེད་པ།ཞིང་ཆེན་དང་།གྲོང་ཁྱེར།རྫོང་བཅས་རིམ་པའི་དབུལ་སྐྱོར་གཙོ་གཉེར་སྡེ་ཚན་གྱིས་ལྟ་སྐུལ་ཁ་པར་འཛུགས་པ་མ་ཟད་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས།དབུལ་སྐྱོར་རྣམ་གྲངས་ལག་བསྟར་གྲོང་ཚོར་རྣམ་གྲངས་དང་མ་དངུལ་གྱི་གྲོང་མིའི་ལྟ་སྐུལ་པ་བཀོད་སྒྲིག་བྱས་ནས་གྲོང་ཚོ་དེ་གའི་དབུལ་སྐྱོར་རྣམ་གྲངས་འཛུགས་པ་དང་མ་དངུལ་བེད་སྤྱོད་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་པའི་འགན་འཁུར་ཐོག་མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུ་དགོས།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག