ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་སྔོན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན། འདས་ཟིན་པའི2014ལོར།ཀན་ལྷོ་ཁུལ་ཡོངས་སུ་བསྡོམས་པས་རྒྱལ་ཁབ་དང་ཞིང་ཆེན་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་དགུ་ས་ཡ་ལྔ་བརྩོན་ལེན་བྱས་ནས། ལས་གཞི589འཛུགས་སྐྲུན་བྱས་པ་དང་། སྔོན་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བདུན་དུང་ཕྱུར་བདུན་བཏང་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལྟའི་བར་དུ། སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་ས་ཡ་བརྒྱད་ཡིན་པའི་ཁུལ་ཡོངས་ཀྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་པོའམ། ཤང་གྲོང་གཙོ་བོ་དག་གི་གཞུང་ལམ་བཟོ་སྐྲུན་དང་། འཐུང་ཆུ་བཟོ་སྐྲུན། དྲོད་འདོན་བཟོ་སྐྲུན་བཅས་ཀྱི་འཛུགས་སྐྲུན་ཚང་མ་ཁྱོན་ཡོངས་ནས་གྲུབ། བསང་ཆུའི་གནམ་གྲུ་ཐང་ནས་གནམ་གྲུ་ཐེངས་མ350འཕུར་འབབ་བྱས་པ་དང་། ཡུལ་སྐོར་འགྲུལ་བ་མི་ཐེངས་ཆིག་ཁྲི་ཆིག་སྟོང་བསྐྱལ་བ། སྦྲག་སྲིད་དངོས་ཟོག་ཏུན་15སྐྱེལ་འདྲེན་བྱས་པ། སྤྱིའི་རིང་ཚད་ལ་སྤྱི་ལེ 98དང་རྨིད་དགུ་བརྒྱ་བདུན་ཅུ་ཡོད་ཅིང་། སྤྱིའི་དངུལ་གཏོང་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་བརྒྱད་བྱེ་བ་བརྒྱ་ས་ཡ་དགུ་ཡིན་པའི་ཀ་ཅུ་ནས་གཙོས་བར་གྱི་མྱུར་བགྲོད་གཞུང་ལམ་ལོ་མཇུག་ལ་གྲུབ་ནས་རླངས་འཁོར་བཏང་བས་ཀན་ལྷོའི་ཚད་རིམ་མཐོ་བའི་གཞུང་ལམ་ལོ་རྒྱུས་སུ་ཟིན་ཐོ་གསར་བ་ཞིག་བསྐྲུན་ཡོད།

དུས་མཚུངས་སུ། ཐན་ཁྲང་ནས་ཐེ་བོའི་བར་དང་། མཚོ་ཉིན་ནས་རྨ་ཆུའི་བར། བླ་བྲང་ནས་གནམ་གྲུ་ཐང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྲུབ་ནས་རླངས་འཁོར་བཏང་བ། གཙོས་ནས་མགོ་ནང་ཐང་དང་། བསང་ཆུ་ནས་མཚོ་སྔོན་རེབ་གོང་། ཀླུ་ཆུ་ནས་རྨ་ལྷོ་སོག་རྫོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ། ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་ལས་བཞིན་ཡོད་པ་དང་། ཟི་ལིང་ནས་གཙོས་བརྒྱུད་དེ་ཁྲི་འདུར་བགྲོད་པའི་ལྕགས་ལམ་ལ་ཞིབ་འཇུག་བྱས་ཚར་བ་སོགས་འགྲིམ་འགྲུལ་ལས་གཞི་མང་བོ་འཛུགས་སྐྲུན་བྱས་པས་ཀན་ལྷོ་ཐོད་བརྒལ་རྣམ་པའི་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་། དེ་མིན་ད་རུང་3341གི་ལས་གཞིའི་བཟོ་སྐྲུན་སོགས་ལ་བརྟེན་ནས། 2016ལོར་ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་གཞི་ཁྱོན་སྒོར་ཐེར་ཆེན་ལྔ་ལ་བསླེབ་པའི་དམིགས་འབེན་གཏན་འཁེལ་བྱས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། 2014ལོའི་ལོ་མཇུག་བར་དུ། ཁུལ་ཡོངས་ནས་རིགས་སྣ་ཚོགས་ཀྱི་ལས་གཞི1053བརྩོན་ལེན་བྱས་པ་དང་། སྤྱིའི་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་ལྔ་ལྷག་བཏང་། དེའི་ཁྲོད་དུ་སྐྱེ་ཁམས་འཛུགས་སྐྲུན་ལས་གཞིའི་སྤྱིའི་དངུལ་གཏོང་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བྱེ་བ་དྲུག་ཡིན་ལ། དམངས་འཚོའི་ལས་གཞིའི་སྤྱིའི་དངུལ་གཏོང་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་ལྷག་ཡིན་པ།རྨང་གཞིའི་སྒྲིག་བཀོད་འཛུཊ་སྐྲུན་ལས་གཞིའི་སྤྱིའི་དངུལ་གཏོང་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བདུན་ཡིན་པ། གཞི་རིམ་སྲིད་དབང་འཛུགས་སྐྱོང་གི་སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་དགུ་དང་བྱེ་བ་གསུམ་ལྷག་ཡིན་པ།ཁྱད་ལྡན་ཐོན་ལས་གོང་སྤེལ་ལས་གཞིའི་སྤྱིའི་དངུལ་གཏོང་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་ལྔ་ས་ཡ་གསུམ་ཡིན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།