ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས22ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས1236དབུལ་ཐར་བརྟན་སྲུང་བྱ་འགུལ་ལག་བསྟར་འཆར་གཞི་གཞི་དེ་སྡེ་བའི་འཕྲོད་བསྟེན་ཁང་ཡོངས་སུ་ཁྱབ་སྟར་བྱེད་པའི་རེ་འདུན་གཞིར་བཟུང་ཞིང་།རྨ་ཆུ་རྫོང་གི་འབྲོག་དམངས་འདུས་སྡོད་མིན་པའི་གནས་བབས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་རྟོག་དཔྱོད་ནན་མོ་བརྒྱུད།རོགས་སྐྱོར་མ་དངུལ་སྒོར་ཁྲི82བཏང་ནས་ཞིང་ཆེན་ནོར་སྲིད་ཐེན་ནས་ཚོང་འགུགས་ཀྱི་སྒོ་ནས་སྐོར་བསྐྱོད་སྨན་བཅོས་རླངས་འཁོར2ཉོ་སྒྲུབས་བྱས་པས། སྡོད་གནས་ཁ་འཐོར་ཡིན་ཞིང་སྡེ་བར་འཕྲོད་བསྟེན་ཁང་མེད་པའི་སྡེ་བ22ལ་སྨན་བཅོས་སྐོར་བསྐྱོད་རླངས་འཁོར་ཝོད་པར་གྱུར་བ་དང་། རྫོང་འཕྲོད་བསྟེན་ཅུས་ནས་གཅོ་འགན་འཁུར་བའི་ཆེད་ལས་ལག་རྩལ་བཟང་ཞིང་སྨན་བཅོས་ནུས་པ་ལེགས་པའི་སྨན་པ་སྐོངས་འཐེན་གྱིས་རྫོང་ཡོངས་ཀྱི་སྡེ་བླ་ན་མེད་པ2ལ་རྒྱུན་ལྡན་གྱི་སྨན་བཅོས་དང་སྤྱི་བའི་ཞབས་ཞུ།བདེ་ཐང་དྲིལ་སྒྲོགས་སློབ་གསོ་སོགས་ཞབས་ཞུའི་བྱ་བ་བཀོད་སྒྲིགས་ཚགས་དམ་པོས་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་ནད་ལ་བལྟ་དཀའ་བའི་གནད་དོན་སེལ་ཐུབ་པ་བྱུང་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།