ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བང་ཁྲུང་ཧྭ་རྨ་ཆུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱི་འགྲོ་རོགས་འོག་ཏུ། རྫོང་མཁར་སྐྲུན་ཅུས་དང་འཕེལ་སྒྱུར་ཅུས། ཕྱུགས་ལས་ཅུས།ཆུ་གློག་ཅུས།དམངས་སྲིད་ཅུས།དབུལ་སྐྱོར་ཅུས།ཆོས་ལུགས་ཅུས་བཅས་ཀྱི་འགན་འཁུར་མི་སྣ་དང་བཅས་ཏེ་སྔ་གཞུག་ཏུ་རྨ་ཁུགས་རྟ་རྭ་དང་སྨད་མ་ཤང་།ཆུ་ཁ་མ།མཚེ་རུ་མ།ཉིན་མ་གྲོང་བརྡལ་སོགས་སུ་སྐྱོད་ནས་2015ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་དཔྱོད་བྱས། བང་ཁྲུང་ཧྭ་འཁོར་དང་བཅས་བས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་སྙན་ཞུར་ཉན་པ།ཡུལ་དངོས་ལྟ་ཞིབ་བཅས་ཀྱི་སྒོ་ནས་ཤང་གྲོང་རྭ་གསུམ་གྱི་དབུལ་སྐྱོར་དང་འགྲིམ་འགྲུལ།ལས་གཞི་འཛུགས་སྐྲུན། སྤྱི་ཚོགས་ཞི་འཇགས། ཁོར་ཡུག་སྲུང་སྐྱོབ།འཕེལ་རྒྱས་འཆར་འགོད་དང་གནད་དོན་ལ་དབྱེ་ཞིབ་དང་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད།ཤང་སྡོད་འགོ་ཁྲིད་དང་ཤང་སྡེ་དགོན་གསུམ་གྱིས་བཏོན་པའི་བསམ་འཆར་ལ་གྲོས་སྡུར་ནན་མོ་བྱས་ནས།ཐག་གཅོད་ཐུབ་པའི་རིགས་ལ་ཡུལ་དངོས་ནས་ལན་གནང་ཞིང་གནས་སྐབས་སུ་ཐག་གཅོད་ཐབས་མེད་པའི་རིགས་ལ་བཀོད་སྒྲིག་འོས་འཚམ་དང་འཆར་འགོད་ཞིབ་མོ་གནང་།

བང་ཁྲུང་ཧྭ་ཡིས་རྨ་ཆུ་རྫོང་གི་སྤྱི་ཚོགས་ལས་རིགས་སོ་སོའི་འབུར་ཐོན་གྱི་འབྲས་བུར་གདེངས་འཇོག་མཐོན་པོ་གནང་ཞིང་།ལྷག་པར་ཏུ།རྨ་ཆུ་རྫོང་གི་ཤང་གྲོང་སོ་སོའི་གཞི་རིམ་བྱ་བའི་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་གདེངས་འཇོག་གང་ལེགས་གནང་།དེ་དང་ཆབས་ཅིག་སྤྱི་ཚོགས་བརྟན་འཇགས་ཀྱི་གལ་ཆེན་རང་བཞིན་དེ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་ཏུ།སྤྱི་ཚོགས་བརྟན་འཇགས་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བར་འཛིན་དགོས་པ་དང་།སྤྱི་ཚོགས་བརྟན་འཇགས་ཀྱི་རྨང་གཞིའི་སྟེང་དུ་ད་གཟོད་ཐབས་ཇུས་གསར་འདོན་དང་གནས་ཚུལ་དངོས་ལ་གཞིགས་ནས་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ་གཏན་འབེབས་གང་ལེགས་བྱེད་དགོས་པ་དང་།ཁྱད་ལྡན་ཐོན་ཁུངས་གསར་སྤེལ་དང་དཔལ་འབྱོར་འཕེལ་ཐབས་བཅོས་སྒྱུར་གྱི་སྒོ་ནས་ཡུལ་སྐོར་རིག་གནས་གསར་སྤེལ་དང་དམངས་ཁྲོད་རིག་གནས་དར་སྤེལ་གྱི་སྒོ་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་ལམ་གསར་བ་ཞིག་ཏུ་བསྐྱོད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།