ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་རིག་གནས་ཐོན་ལས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང་ཀན་ལྷོ་ཁུལ་ཡོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ད་ལྟའི་གནས་བབས་གསལ་བོར་རྟོགས་ཆེད་དུ།རིག་གནས་དང་ཡུལ་སྐོར།ཚན་རྩལ་དང་ལུས་རྩལ།དངུལ་རྩ་སོགས་ཐོནལས་འཕེལ་རྒྱས་ལ་ཤུགས་སྣོན་ཆེད་དུ།ཉེ་ལམ།ཁུལ་རིག་གནས་རྒྱང་སྒྲོགས་ལས་ཁུངས་ཀྱི་འགོ་ཁྲིད་གསར་ཁག་གིས་ཁུལ་སྲིད་གཞུང་རིག་གནས་རྟོག་དཔྱོད་ཚོགས་པའི་སྣེ་ཁྲིད་དེ་རྨ་ཆུ་རྫོང་གི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་དཔྱོད་བྱས།

རྟོགས་པྱོད་ཚོགས་པ་སྔ་གཞུག་ཏུ་རྫོང་རྒྱང་སྒྲོགས་རིག་གནས་ཅུས་དང་ཐུ་བྷོད་ཆོས་དཔེ་རྡོ་བརྐོས་ཀུང་སི།ཀུན་འཕེལ་བོད་སྤོས་ཀུང་སི།སྨན་འབྱུང་ཀུང་སི་སོགས་རིག་གནས་ཐོན་ལས་ཀྱི་ཡུལ་དངོས་ལ་རྟོག་དཔྱོད་བྱས། རྟོག་དཔྱོད་ཚོགས་པས་བསྟན་དོན།གཅིག་ནས་འགོ་ཁྲིད་ལ་ཤུགས་སྣན་ཏེ་བསམ་བློ་གཅིག་གྱུར་བྱེད་པ།རྫོང་སྲིད་གཞུང་གིས་རྨ་ཆུའི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་ངོས་ཟིན་དང་རིག་གནས་ཐོན་ལས་ཀྱི་རང་རྟོགས་ནུས་པ་ཇེ་མཐོར་གཏོང་བར་ཤུགས་བསྣན་ནས་ཁུལ་རིག་གནས་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ལོན་པར་ཤུགས་སྣོན་དགོས།

 གཉིས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ།རྫོང་ཡོངས་ཀྱིས་རང་འགུལ་སྒོས་གོ་སྐབས་དམ་འཛིན་གྱིས་རིག་གནས་ཡུལ་སྐོར་དང་ཚན་རྩལ་ལུས་རྩལ་དང་དངུལ་རྩའི་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་སྣན་ནས་རྨ་ཆུའི་ས་བབས་རིག་གནས་ཀྱི་ཁྱད་ཆོས་དང་རྒྱལ་ཁབ་རིག་གནས་འཕེལ་རྒྱས་ཆེན་མོའི་གོ་སྐབས་དམ་འཛིན་གྱིས་རྨ་ཆུའི་རིག་གནས་ཀྱི་ནང་སྙིང་འདོན་སྤེལ་དང་ཡུལ་སྐོར་རིག་གནས་འཁྲབ་སྟོན་སྒྱུ་རྩལ།རིག་གནས་གསར་སྤེལ་འཆར་འགོད་བྱ་འགུལ་བཅས་གསར་སྤེལ་བྱེད་དགོས།

རིག་གནས་ཐོན་རྫས་ལེགས་ཤོས་ཀྱིས་ཕྱིའི་དོ་སྣང་ཚུར་འགུགས་དང་གནས་སྐོར་གྱིས་ཕྱི་མི་འགུགས་པའི་རིག་གནས་ཡུལ་སྐོར་མཉམ་སྤེལ་མངོན་འགྱུར་བྱེད་པའི་རྣམ་པ་ཆགས་པར་བྱེད་དགོས། གསུམ་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་སྡོམས་རྩིས་བྱ་བར་ཤུགས་སྣན་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་བཀོད་བྱ་བ་དང་ནོར་སྲིད་རོགས་སྐྱོར་བྱ་བ་ཐག་གཅོད་དགོས་པ་དང་།རིག་གནས་ཐོན་ལས་ལས་གཞིའི་ཡིག་མཛོད་གསར་འཛུགས་ཀྱིས་རིག་གནས་ཁེ་ལས་ལས་འཛིན་གསོ་སྐྱོང་བྱེད་པའི་སྒོ་ནས་ཁུལ་ཡོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།