ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་འདི་དག་གི་རིང་ལ། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱིས་ མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་དེ་ཐོན་ལས་གཙོ་བོར་བཞག་སྟེ། ཞིང་ ཆེན་ཏང་ཨུའི་3341གི་ལས་གཞིའི་བཟོ་འགོད་དང་དེང་རབས་ཞིང་ཕྱུགས་ལས་གོང་དུ་སྤེལ་བའི་སྤྱིའི་བླང་བྱར་དམ་པོ་དམིགས་ནས། ནུས་ཤུགས་གང་ཡོད་ཀྱིས128ཀྱི་དེང་རབས་ ཞིང་ཕྱུགས་ལས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་པ་དང་། ཤུགས་ཆེན་པོས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དར་སྤེལ་བཏང་ཞིང་། ཕྱུགས་ལས་ཐོན་སྐྱེད་རྩ་ འཛུགས་དང་གོ་རིམ་ཅན་དུ་བསྒྱུར་བ་དང་། རྒྱུན་ཆད་མེད་པར་རོང་འབྲོག་པ་མང་ཚོགས་ ལ་ཕན་པའི་དོན་དངོས་དང་དོན་བཟང་བསྒྲུབས་པ། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་ཡོངས་ ཀྱི་ཐོན་ལས་གཙོ་བོ་གཏན་འཇགས་ངང་གོང་དུ་སྤེལ་བར་སྐུལ་འདེད་བཏང་བ་མ་ཟད། ཞིང་ཕྱུགས་ལས་གོང་དུ་སྤེལ་བར་བརྟེན་ནས་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་བཏང་། 2014ལོར།གཙོས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་གནས་ཚུལ་ལ་རྐང་བཙུགས་ཏེ། ཞིང་ཕྱུགས་ ལས་ཀྱི་ལས་གཞི་གལ་ཆེན་བརྩོན་ལེན་དང་ལག་བསྟར་བྱས་པ་དང་། ལོ་ཧྲིལ་བོར་སྔོན་ རྩིས་བྱས་ན་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་བྱེ་བ་གསུམ་ལ་བསླེབས་ཤིང་། དུས་མཉམ་ལས་29.3%འཕར་བ་དང་། ཞིང་ལས་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བདུན་ལ་བསླེབ་ཏེ་དུས་མཉམ་ལས6.5%འཕར་ཡོད། གཙོས་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཞིང་ཕན་རོགས་དངུལ་བརྩོན་ལེན་གང་ལེགས་བྱས་པ་དང་མཉམ་དུ། ངེས་པ་དོན་གྱིས་ས་གནས་ནོར་སྲིད་ ཀྱི་གཏོང་ཤུགས་ཇེ་ཆེར་བཞག་ནས་གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་དངུལ་རྩའི་བརྒྱ་ཆའི་ བརྒྱད་ཅུ་ཡན་ཞིག་ཐོན་ལས་གཙོ་བོ་གོང་སྤེལ་ཐད་དུ་གཏོང་རྒྱུ་བྱས་ཤིང་། ཞབས་ཞུའི་ མ་ལག་འཛུགས་སྐྱོང་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ། ཕྱུགས་རྒྱུད་ལེགས་སྤེལ། རིམས་ནད་ འགོག་བཅོས། རྨོ་བསྐྱུར་རྩྭ་འདེབས། ཚད་ལྡན་ཅན་གྱི་ཐོན་སྐྱེད། གཙོ་ཁྲིད་ཁེ་ལས་ དར་སྤེལ། ཚོང་རའི་མ་ལག་འཛུགས་སྐྲུན། རོང་འབྲོག་པའི་གསོ་སྦྱོང་བཅས་ཀྱི་ རོགས་དངུལ་དང་བྱ་དགའི་ཐད་དུ་བཀོལ་རྒྱུ་བྱས།

ན་ནིང་ལོར་གཙོས་གྲོང་ཁྱེར་གྱིས་ཐོན་ལས་གཙོ་བོའི་འཕེལ་རྒྱས་ཐད་ལ་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་བདུན་ཁྲི་གཅིག་བཏང་ནས། ནུས་ཤུགས་ཡོད་རྒུས་ མཛོ་དང་མཛོ་མོ་གསོ་སྤེལ་བྱས་པ་དང་། གཟན་རྩྭའི་ལས་རིགས་གོང་དུ་སྤེལ་བས་ཐོན་ ལས་སྒྲིག་གཞི་དང་ཁྱབ་ཚུལ་ཇེ་ལེགས་སུ་སོང་བ་མ་ཟད། ཤུགས་ཆེན་པོས་ཕྱུགས་རྒྱུད་ ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ལས་གཞིར་དམིགས་ནས་དྲོད་ཁང་དང་གཟན་རྩྭ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།