གཙོས་གྲོང་ཁྱེར་རྒན་བཀུར་ཁང་དུ་སྤྱི་ཕན་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོའི་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི2012ལོའི་རྩོམ་རིག་འཛིན་གྲྭ་གཉིས་པའི་དགེ་སློབ་ཡོངས་གཙོས་གྲོང་ཁྱེར་རྒན་བཀུར་ཁང་དུ་སོང་ནས་ལོ་ལོན་རྒན་པ་ཚོའི་མལ་ཤག་ལ་གཙང་སྦྲ་དང་། ཁོང་ཚོའི་གོན་པ་གཙང་འཁྲུད། འཚོ་བར་རོགས་སྐྱོར་གྱི་ཚབ་ཏུ་བཟའ་ཆས་སྣ་ཚོགས་བྱིན་པས། དེ་གའི་རྒན་པ་རྣམས་དང་བདག་སྐྱོང་བ་སོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ།

ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི2012ལོའི་རྩོམ་རིག་འཛིན་གྲྭ་གཉིས་པ་ནི་མདོ་དབུས་ཁམས་གསུམ་ཀུན་ནས་ཡོང་བའི་སློབ་ཕྲུག་ཞེ་བརྒྱད་ཀྱིས་གྲུབ་ཅིང་། སྔ་ཕྱིར་སློབ་གྲྭ་དེ་གའི་ཕུལ་བྱུང་ཐོན་རྩ་འཛུགས་དང་། སྔོན་ཐོན་འཛིན་གྲྭ་སོགས་ཀྱི་མཚན་སྙན་ཐོབ་མྱོང་།  ། 

རྩོམ་སྒྲིག་པ། ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།