ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སྟོད་དུ།ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་གསེར་གཏེར་ཐོན་ལས་གཏན་འཇགས་ངང་གོང་དུ་འཕེལ་བ་དང་། ཟླ་བ་དྲུག་པའི་ཟླ་མཇུག་བར་དུ། གཞི་ཁྱོན་ཡན་གྱི་གསེར་གཏེར་ཐོན་ལས་ཁེ་ལས་ ཀྱི་གསེར་ཐོན་ཚད་སྟོང་ཁེ་2390ཡིན་ཞིང་། ལོའི་དམིགས་འབེན་གྱི39.2% ལེགས་འགྲུབ་ བྱུང་བ་དང་། དུས་མཉམ་ལས19.1%འཕར་ཡོད་ལ། འཕར་ཚད་ནི་དམིགས་འབེན་ འགན་འཁྲིའི6.6%གིས་མཐོ། གསེར་གཏེར་ཐོན་ལས་ཀྱིས་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་ འབྱོར་གྱི54%ཟིན་པ་མ་ཟད། བསྟུད་མར་ཁུལ་ཡོངས་ཀྱི་བཟོ་ལས་འཕེལ་རྒྱས་ལ་འཁྲིད་ སྟོན་བྱེད་ཀྱི་ཡོད་པས་དཔལ་འབྱོར་གོང་འཕེལ་གྱི་སྟོབས་ཤུགས་གཙོ་བོར་ཆགས་ཡོད།

 ཀན་ལྷོ་ཁུལ་ནི་ཞིང་ཆེན་ཕྱི་ནང་གི་དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་འོག་དང་། རྒྱལ་ནང་གི་གཏེར་ལས་ཐོན་སྐྱེད་ཚབས་ཆེན་པོས་མར་འགྲིབ་པའི་གནས་བབ་ལ་ཐུག་ཡོད་ཅིང་། ནང་སྒོས་སུ་གསེར་གྱི་རིན་གོང་བསྟུད་མར་མར་ལྷུང་བའི་གནས་བབ་འོག་ཏུ་ ཡོད་པས། བྱེད་ཐབས་ནུས་ལྡན་གང་ལེགས་སྤྱད་དེ། འགོ་འཁྲིད་གཙོ་བོས་རྫོང་ངམ་ གྲོང་ཁྱེར་གྱི་བཟོ་ལས་དམ་པོར་འཛིན་པའི་ལམ་ལུགས་ལག་བསྟར་དང་། གསེར་གཏེར་ ཐོན་ལས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་བ། ལས་རིགས་དོ་དམ་བྱ་བར་ཤུགས་བསྣན་ པའམ་གནད་ལ་འཁེལ་བའི་ཐོན་ལས་འཕར་སྣོན་འཆར་གཞིར་དབྱེ་ཞིབ་གཏན་འབེབས་བཅས་བྱས་པས། ཐོན་སྐྱེད་བརྒྱུད་རིམ་ལ་གནད་དོན་མི་འབྱུང་བ་ཁག་ཐེག་བྱས་པ་དང་། ཁེ་ལས་ལ་མཉམ་འབྲེལ་བྱས་ནས་གཏེར་ཁ་གསར་བ་འཚོལ་ཞིབ་སོགས་ལ་ཤུགས་བསྣན་པ་མ་ཟད། ཁེ་ལས་ཀྱིས་གཏེར་ཁ་བརྐོ་བ་དང་གཏེར་ཁ་འདེམས་པ། བཙོ་སྦྱང་དང་ལས་སྣོན་ གྱི་བརྒྱུད་རིམ་ཚང་མར་རྒྱབ་སྐྱོར་དང་སྣེ་འཁྲིད་བྱས་ཤིང་། ལག་རྩལ་ཇེ་ལེགས་སུ་བཏང་ ནས་གསེར་ཐོན་སྐྱེད་ཀྱི་ཚན་རྩལ་འདུས་ཚད་ཇེ་མཐོར་བཏང་བ་མ་ཟད། ད་དུང་གསེར་ གཏེར་ཐོན་སྐྱེད་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་དང་ཐོན་ལས་སྒྲིག་གཞི་རིམ་བཞིན་ལུགས་མཐུན་དུ་བཏང་ནས་གསེར་གཏེར་ཐོན་ལས་གཏན་འཇགས་ངང་གོང་དུ་འཕེལ་བའི་གནས་བབ་རྒྱུན་འཁྱོངས་བྱས་ཏེ། ཀན་ལྷོ་ཁུལ་ཡོངས་ཀྱི་གསེར་གཏེར་ཐོན་ལས་རིམ་འཕར་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་མཐུན་རྐྱེན་བསྐྲུན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།