ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད། ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་གིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་པ་དང་། འགན་འཁྲི་ གཏན་འབེབས་ཇེ་དྲག་ཏུ་བཏང་སྟེ། བྱེད་ཐབས་ལྔ་ལ་བརྟེན་ནས་ནུས་ཤུགས་གང་ཡོད་ ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་ལས་འགན་འགྲུབ་ཏུ་བཅུག་པ་རེད།

གཅིག་ནི་ལས་གཞིའི་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱེད་པ་ཇེ་ལེགས་སུ་བཏང་བ་སྟེ། འབྲུག་ཆུ་རྫོང་གིས་ལས་གཞིའི་ལྟ་སྐུལ་དཔྱད་བསྡུར་བྱ་བའི་ཚོ་ཆུང་19བཙུགས་ནས། གཙོ་ བོ་འགོ་མ་བརྩམ་པའི་ལས་གཞི་དང་འཛུགས་སྐྲུན་དལ་བའི་ལས་གཞིར་ཆེད་དུ་ལྟ་སྐུལ་ དཔྱད་བསྡུར་བྱས་ཤིང་། དེའི་ཁྲོད་དུ་གནས་པའི་གནད་དོན་ལ་ཡུལ་དངོས་ནས་ལེགས་ བཅོས་བྱ་བའི་བསམ་འཆར་བཏོན་པ་མ་ཟད། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལྟ་སྐུལ་ ཁང་ལ་རྗེས་འདེད་ལེགས་བཅོས་བྱེད་དུ་བཅུག། གཉིས་ནི་འགོ་ཁྲིད་ལས་བྱེད་པས་ལས་གཞིའི་བྱ་བར་ཡར་སྐུལ་བྱེད་པ་དམ་པོར་བཟུང་བ་སྟེ། ལས་གཞི་ཡོད་ཚད་ལག་ཏུ་བསྟར་བར་ རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ལྟ་རྟོག་བྱས་ཤིང་། འགན་འཁྲིའི་མ་ལག་འཐུས་ཚང་ དུ་བཏང་བ་དང་། ཚན་བགོས་འགོ་ཁྲིད་པས་གནད་འཕིགས་དབུལ་སྐྱོར་དང་གནད་ འཕིགས་དབུལ་ཐར། ཉིན་རྒྱུན་གྱི་བརྟག་དཔྱད་ཞིབ་འཇུག་གི་བྱ་བ་བཅས་དང་ཟུང་དུ་སྦྲེལ་ཏེ། དུས་ངེས་མེད་དུ་ལས་གཞིའི་མྱུར་ཚད་དང་སྤུས་ཚད། མ་དངུལ་བཀོལ་ཚུལ་ཚང་མ་ཁོང་ དུ་ཆུད་པ་བྱས་ནས། ལས་གཞི་ལག་བསྟར་བྱེད་སྐབས་ཀྱི་ས་བསྡུ་བཤིག་སྤོ་སོགས་ཀྱི་ གནད་དོན་ཐག་གཅོད་པར་རམ་འདེགས་བྱས། གསུམ་ནི་ལས་གཞིའི་བྱ་བ་ཡར་སྐུལ་བྱེད་ པར་དབང་བཅོལ་ཁས་ལེན་བྱས་པ་སྟེ། དབང་བཅོལ་ལམ་ལུགས་ལག་བསྟར་བྱས་ནས། ཚན་བགོས་འགོ་ཁྲིད་པས་ལས་གཞིའི་མྱུར་ཚད་དང་མ་དངུལ་དམིཊ་སར་འབྱོར་ཡོད་མེད། བཟོ་སྐྲུན་གྱི་སྤུས་ཚད་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཚང་མ་འགན་ལེན་ བྱས་པ་རེད། བཞི་ནི་དུས་བཅད་བགོས་ནས་ལས་གཞིའི་འཛུགས་སྐྲུན་བྱ་བར་སྐུལ་འདེད་ བཏང་བ་སྟེ། དུས་བཅད་ལྟར་གནད་སའི་ལས་གཞིར་ཡར་སྐུལ་བྱས་ཤིང་། ལས་གཞི་འགྲུབ་ པའི་དུས་ཚོད་དང་འགན་ལེན་སྡེ་ཁག། འགན་འཁུར་མཁན་ཚང་མ་གཏན་འཁེལ་བྱས་ ནས་ལྟ་སྐུལ་ཁང་གིས་དུས་ངེས་མེད་དུ་ལྟ་སྐུལ་བྱས། ལྔ་ནི་སྲིད་ཇུས་སྒྲིག་བཟོ་བྱས་ནས་ ལས་གཞིའི་བྱ་བར་ཡར་སྐུལ་བྱས་པ་སྟེ། དམངས་ཁྲོད་ནས་དངུལ་གཏོང་བྱེད་པ་ཇེ་ མགྱོགས་སུ་གཏོང་ཆེད། རྫོང་ནོར་སྲིད་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་སྐྱེད་ཀའི་མ་དངུལ་ གྲབས་གསོག་བྱས་པ་དང་། སྲིད་གཞུང་གིས་སྐྱེད་ཀ50%སྤྲོད་པ་དང་། ཁེ་ལས་རང་གིས་ སྐྱེད་ཀ50%སྤྲོད་པའི་ཐབས་ལམ་སྤྱད་དེ། མ་དངུལ་འདུ་དཀའ་བའི་ཚོང་འགུག་དངུལ་ འདྲེན་ཁེ་ལས་ལ་དངུལ་བསྐྱིའི་རོགས་སྐྱོར་བྱས་པ་དང་། དུས་མཚུངས་སུ་ཐབས་བཀོད་ འཐེན་ནས་ལས་གཞིའི་རྫོང་རིམ་པའི་ཆ་འགྲིག་མ་དངུལ་གྲབས་གསོག་བྱས་ནས་གཏན་ འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་ལས་འགན་ཁྱོན་ཡོངས་ནས་འགྲུབ་པར་ཕན་ འབྲས་ལྡན་པའི་འགན་སྲུང་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།