ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2015ལོའི་རྒྱལ་ཡོངས་ཀྱི《གེ་སར་རྒྱལ་བོའི་སྒྲུང》གི་རིག་གཞུང་བགྲོད་གླེང་ཀན་ལྷོའི་རྨ་ཆུ་རྫོང་ནས་སྤེལ་བ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་གེ་སར་ཞིབ་འཇུག་གླིང་ནས་སླེབས་པའི་ཆེད་ལས་མཁས་པ་དང་། སློབ་དཔོན་ཆེན་མོ་བསྡོམས་པས40ལྷག་ཐེངས་འདིའི་གླེང་སྟེགས་ཞུགས་ཡོད།

《གེ་སར་རྒྱལ་བོའི་སྒྲུང》ནི་འཛམ་གླིང་སྟེང་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་ ངག་ཅིག་ཡིན་ཏེ། ཆེད་ལས་མཁས་པས་མཚམས་སྦྱོར་བྱས་པ་ལྟར་ན། གེ་སར་རྒྱལ་བོའི་ སྒྲུང་དུ་བྱུང་བའི་ས་མིང་རྨ་ཡུལ་ཞེས་པ་ནི་ད་ལྟའི་རྨ་ཆུ་དང་དེའི་མཐའ་ཁུལ་དུ་ཡིན་ཞིང་། ས་ཁུལ་འདི་ནི་སྐབས་དེའི་གེ་སར་རྒྱལ་བོའི་འཚོ་སྡོད་བྱ་ཡུལ་གཙོ་བོ་ཡིན་པས། ད་སྐབས་ རྨ་ཆུ་རྫོང་ཁོངས་སུ་རིག་དངོས་དང་རྗེས་ཤུལ་77དེ་གེ་སར་རྒྱལ་བོའི་སྒྲུང་དུ་བྱུང་བའི་ས་མིང་དང་ལོ་རྒྱུས་གཏམ་རྒྱུད་ལ་ཁ་འཕྲོད་ཡོད་ཚུལ་ཆེད་ལས་མཁས་པས་བདེན་དཔང་བྱས་ཡོད་པ་དང་། ཡར་སྔོན་དཔར་སྐྲུན་བྱས་ཟིན་པའི་གེ་སར་རྒྱལ་པོའི་སྒྲུང་དཔེའི་ནང་། དཔེ་དེབ་40ལྷག་ཏུ་ཡང་སྐོར་བསྐྱར་སྐོར་གྱིས་རྨ་ཆུའི་ས་ཁུལ་གྱི་ས་མིང་ཆུ་མིང་བྱུང་ཡོད་རབས་བཤད། རིག་གཞུང་གླེང་སྟེགས་ཀྱི་ཞིབ་འཇུག་གྲོས་བསྡུར་ཁྲོད། ཆེད་ལས་མཁས་པ་ ཚོས་གེ་སར་རྒྱལ་བོའི་སྒྲུང་གི་རིག་གཞུང་གནད་དོན་མང་པོར་ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་མོ་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།