བསང་ཆུ་རྗོང་ལ་ཐོན་མ་ཐག་པའི་གནམ་གྲུ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཀན་ལྷོ་བསང་ཆུ་རྗོང་གི་གནམ་གྲུ་ཐང་ནས་རྒྱུས་ལོན་པ་ལྟར་ན།  གསར་དུ་ཕྱེ་བའི་མཁའ་ལམ་སྟེ་ཁྲུན་ཏུའུ་ནས་བསང་ཆུ་དང་དེ་ནས་ཡིན་ཁྲོམ་བར་གྱི་མཁའ་ལམ་གཉིས་ཟླ12པའི་ཚེས18ཉིན་ནས་བཟུང་དངོས་སུ་ཤར་གཏོང་བྱེད་རྒྱུ་རེད། མིག་སྔར། གནམ་གྲུ་ཤར་གཏོང་བྱེད་པར་ཕྱོགས་གང་བཅས་ཐད་ནས་སྟ་གོན་བྱས་ཚར་འདུག

མི་འགྱངས་བར་ཤར་གཏོང་བྱེད་རྒྱུ་ཡིན་པའི་ཁྲིན་ཏུའུ་ནས་ཀན་ལྷོ་དང་དེ་ནས་ཡིན་ཁྲོམ་བར་གྱི་མཁའ་ལམ་དེ་ནི2013ལོ་ཀན་ལྷོ་བསང་ཆུ་རྗོང་གནམ་གྲུ་ཐང་བཙུགས་སྟེ་དངོས་སུ་འཕུར་སྐྱོད་བྱེད་པ་དང2014ལོ་ཞི་ཨན་ནས་བསང་ཆུ་དང་དེ་ནས་ལྷ་ས་བར་ཤར་གཏོང་བྱེད་པའི་རྗེས་ཀན་ལྷོའི་་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་སུ་ཕྱིན་པའི་གོམས་སྟབས་གསུམ་པ་དེ་རེད། འདིས་ཀན་ལྷོའི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ལེགས་བསྒྱུར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་མ་དངུལ་གཏོང་བ། ཀན་ལྷོ་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས། མི་དམངས་ཀྱི་འགྲོ་འོང་སོགས་ལ་ཕན་ནུས་རྒྱ་ཆེན་པོ་ཐོན་འདུག ། 

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།