ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ཁུངས་གསར་སྤེལ་གྱི་དཔྱད་གླེང་ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་གྱི་སི་ཁྲོན་རིག་གནས་ཐོན་ལས་ལས་རིགས་སློབ་གླིང་དུ་ཚོགས་པ་དང་། སི་ཁྲོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་གསར་སྤེལ་དང་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དག་གིས་ཟུང་ཆུ་རྫོང་ཤུལ་བཞག་རིག་གནས་དང་རིག་གནས་རྒྱུན་འཛིན་གྱི་གླེང་གཞི་གཞིར་བཟུང་སྟེ་ཟུང་ཆུ་རྫོང་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས། དེ་མིན་གནད་ཕིགས་དབུལ་སྐྱོར་གསར་སྤེལ་མཉམ་གཉེར་གྱི་ཐད་ལ་བགྲོ་གླེང་མཛད་དེ་གཟུགས་འདས་ཤུལ་བཞག་རིག་གནས་གསར་སྤེལ་བཀོལ་སྤྱོད་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས།

ཆེད་མཁས་པ་དག་གིས་ཟུང་ཆུ་རྫོང་གཟུགས་འདས་ཤུལ་བཞག་རིག་གནས་གསར་སྤེལ་ལས་ཀར་དམིགས་ཏེ་ཕྱོགས་གཅིག་ནས་མི་དམངས་ཀྱི་རིག་གནས་དྲན་པ་སླར་གསོ་བྱས་ཏེ་འཕྲིན་སྦྱོར་གྱི་ཐབས་ལམ་ལ་བརྟེན་ཏེ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་བརྡལ་དུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཉམས་བཞིན་པའི་འཁྲབ་སྟོན་སྒྱུ་རྩལ་དང་ལག་ཤེས་བཟོ་རྩལ་བསྐྱར་གསོ་བྱེད་དགོས་ཞེས་བསྟན།

མིག་སྔར་ཟུང་ཆུ་རྫོང་ལ་ཁྱོན་བསྡོམས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་ཉེར་བརྒྱད་ཡོད་པ་དང་དེ་ལས་རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་དང་ཞིང་ཆེན་རིམ་པའི་ལས་གཞི་གསུམ། ཁུལ་རིམ་པའི་ལས་གཞི་བདུན། རྫོང་རིམ་པའི་ལས་གཞི7བཅས་ཡོད་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རྒྱུན་འཛིན་པ་ལས་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་གཅིག་དང་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་གཅིག ཁུལ་རིམ་པའི་རྒྱུན་འཛིན་པ་བདུན་དང་རྫོང་རིམ་པའི་རྒྱུན་འཛིན་པ་བདུན་བཅས་ཡོད།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།