ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡུང་གིས་སློབ་རའི་བདེ་འཇགས་གཏན་སྲུང་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས21ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུང་གིས་ཁུལ་ཨུའི་སྲིད་ཁྲིམས་ཨུ་དང་ཁུལ་སློབ་གསོ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཁྲིད་དེ་གཙོས་གྲོང་ཁྱེར་སློབ་འབྲིང་དང་། ཀན་ལྷོའི་དགེ་ཐོན་སློབ་གྲྭ  ཁུལ་བོད་རིགས་ཕྱོགས་བསྡུས་ཆེད་ལས་སློབ་གྲྭ  གཙོས་བོད་རིགས་སློབ་འབྲིང་བཅས་སུ་སོང་ནས་སློབ་རའི་བདེ་འཇགས་གཏན་སྲུང་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས།

ཝང་ཡུང་འཁོར་དང་བཅས་པ་སློབ་མའི་ཉལ་ཁང་དང་སློབ་གྲྭའི་ཟ་ཁང་། ལྟ་སྐུལ་ཚོད་འཛིན་ཁང་། སློབ་ཁང་དུ་སོང་ནས་སློབ་རའི་བདེ་འཇགས་འཕྲལ་སྡོམ་སྔོན་ཇུས་བཟོ་འགོད། མེ་གསོད་དོ་དམ་ཚོད་འཛིན་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་མཛུབ་སྟོན་བྱས། ཝང་ཡུང་གིས་གཙོས་བོད་རིགས་སློབ་འབྲིང་ནས་ཡངས་ཤིང་གྲ་དག་ལ་དོ་དམ་ལམ་ལུགས་ཞིབ་པའི་ཟ་ཁང་མཐོང་སྟེ། སློབ་གྲྭའི་བྱ་བ་ཁས་ལེན་གང་ལེགས་བྱས་ཤིང་། ཁོས་ཟས་རིགས་བདེ་འཇགས་དེ་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ལུས་པོའི་བདེ་ཐང་དང་སློབ་གྲྭའི་བདེ་འཇགས་གཏན་སྲུང་དང་འབྲེལ་བ་ཡོད་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་པའི་དོན་དག་ཅིག་ཡིན་པས་སྣང་ཆུང་བྱ་མི་རུང་བར་ངེས་པར་དུ་སློབ་མའི་བཟའ་བཏུང་གི་བདེ་འཇགས་ཁག་ཐེག་བྱ་དགོས་པ་དང་། སློབ་མའི་ཉལ་ཁང་གི་གཙང་སྦྲའི་བདེ་འཇགས་བྱ་བར་མཐོང་ཆེན་བྱས་ཏེ་བྱ་བ་འདི་སེམས་སུ་ཉར་ཞིང་ལག་ལེན་དུ་བསྟར་བ་དང་རྒྱུན་བསྲིང་ལྷོད་མེད་ཀྱིས་དམ་འཛིན་བྱ་དགོས་ལ། ཕྱོགས་གཅིག་ནས་སློབ་སྦྱོང་འཛིན་དགོས་པ་དང་ཕྱོགས་གཅིག་ནས་བདེ་འཇགས་དང་གཏན་འཇགས་དམ་འཛིན་བྱས་ཏེ། སློབ་མར་བདེ་ཞིང་སྐྱིད་པ་དང་འཆམ་མཐུན་དཔལ་ཡོན་གྱི་སློབ་སྦྱོང་གི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བསྟན།

གཙོས་བོད་རིགས་སློབ་འབྲིང་དུ་བསྡུས་པའི་བཞུགས་མོལ་གྲོས་ཚོགས་སུ། ཝང་ཡུང་གིས་སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བའི་འཐབ་ཇུས་རང་བཞིན་གྱི་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོའི་གོང་འཕེལ་བཅོས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། “སློབ་གསོ་དམ་འཛིན་བྱེད་པ་ནི་གོང་འཕེལ་དམ་འཛིན་དང་མ་འོངས་པ་དམ་འཛིན་བྱེད་པ་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་།  མི་དམངས་ཀྱི་འདོད་བློ་དང་མཐུན་པའི་སློབ་གསོ་བསྒྲུབ་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སློབ་གསོ་སྐྱོན་བྲལ་ངང་མགྱོགས་པོར་འཕེལ་བའི་གནད་འགག་ཐག་གཅོད་དང་ཚད་བཀག་བྱས་ནས།  སློབ་གསོའི་ལས་དོན་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་སྡོམ་ཤུགས་ཆེན་པོ་ཞིག་ཆགས་སུ་འཇུག་དགོས་ཞེས་བསྟན།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།