ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལས་སྒྲུབ་ནང་རྐྱེན་ཚད་ལྡན་དུ་གཏོང་བའི་འཛུགས་སྐྲུན་ལ་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ནན་ཏན་སྒོས“ཆེས་གཟབ་ནན་བཞི”ཡི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ལས་སྒྲུབ་ནང་རྐྱེན་ཚད་ལྡན་དུ་གཏོང་བའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ལྟ་སྐུལ་དོ་དམ་དཔུང་སྡེ་དང་སྨན་རྫས་ཀྱི་སྤུས་ཚད་ཀྱི“བདེ་འཇགས་གཉིས”འགན་སྲུང་བྱས།

“ལས་གནས་གཅིག་དང་འགན་འཁྲི་གཉིས”དོན་འཁྱོལ་བྱས་ཤིང་། ལྟ་སྐུལ་དོ་དམ་གྱི་ཉེན་ཁའི་འདུ་ཤེས་བརྟན་པོ་ཆགས་སུ་བཅུག་ནས། ཁྲིམས་ལུགས་དང་སྒྲིག་ལམ། སྒྲིག་ཁྲིམས་བཅས་ལ་བརྟེན་ནས་ལྟ་སྐུལ་དོ་དམ་མཁན་དང་ཁྲིམས་བསྟར་མི་སྣའི་དོ་དམ་ལ་ཤུགས་བསྣན་ཏེ། ལྟ་སྐུལ་དོ་དམ་དཔུང་སྡེ་དང་སྨན་རྫས་ཀྱི“བདེ་འཇགས་གཉིས”འགན་སྲུང་བྱས། ལྟ་སྐུལ་དོ་དམ་གྱི་ལས་འགན་ལ་གཞིགས་ནས།  དུས་ཐོག་ཏུ་སྨན་རྫས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་ཆེད་ལས་ཤེས་བྱའི་གསོ་སྦྱོང་བྱས་ཏེ། ཁྲིམས་སྲོལ་ཆེད་ལས་ཀྱི་སློབ་སྦྱོང་བཀོལ་སྤྱོད་བྱེད་པ་དང་ཉེན་ཁ་ཚོད་འཛིན་བྱེད་པའི་ནུས་པ་ཇེ་མཐོར་བཏང་། ལྟ་སྐུལ་དོ་དམ་བྱེད་མཁན་དང་ལྟ་སྐུལ་དོ་དམ་བྱ་ཡུལ། ལྟ་སྐུལ་དོ་དམ་དང་འཕེལ་རྒྱས། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ་དང་ཚན་རིག་དང་མཐུན་པའི་ཁྲིམས་བསྟར་བྱེད་པ། ལྟ་སྐུལ་དོ་དམ་གྱི་བྱ་ཐབས་དང་ལྟ་སྐུལ་དོ་དམ་གྱི་དམིགས་ཡུལ་བཅས་འབྲེལ་བ་བཞི་བོ་ཐག་གཅོད་ཡང་དག་བྱས་ཏེ། ཕྱོགས་ཡོངས་ནས་སྨན་རྫས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་བྱེད་པ་དང་ཉེན་ཁ་ཚོད་འཛིན་བྱེད་པའི་ནུས་པ་ཇེ་མཐོར་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།