ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་དམངས་འཚོ་ལག་བསྟར་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་གཞི་གྲངས་ཇེ་མཐོར་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་གྱིས“མཛེས་སྡུག་ལྡན་པའི་གཙོས་གྲོང”དང“མཐོ་སྒང་གི་མུ་ཏིག་གྲོང་ཁྱེར”འཛུགས་སྐྲུན་གྱི་སྤྱི་ཁོག་དམིགས་འབེན་ལ་དམ་པོར་དམིགས་ནས། རང་འགུལ་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་འཚམ་པར་བྱེད་པ་དང་། ཡང་དག་པའི་སྒོ་ནས་སྤྱི་ཁོག་སྲིད་ཇུས་ཀྱི་འགྲོ་ཕྱོགས་གསར་བ་ཁོང་དུ་ཆུད་པ། དཔལ་འབྱོར་ཡུན་རིང་འཕེལ་རྒྱས་དང་ཏང་ནན་མོ་སྐྱོང་བའི་བྱ་བ་སོ་སོ་བརྟན་པོའི་ངང་གོང་དུ་སྤེལ་བ། སྤྱི་ཚོགས་ལས་རིགས་དང་དམངས་འཚོ་མཐུན་སྦྱོར་ངང་སྐུལ་འདེད་དང་འགན་ལེན་མཉམ་དུ་སྐུལ་འདེད་བྱས་ནས། ལོ་གཅིག་གི་རིང་ལ། གྲོང་ཁྱེར་ཡོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར36.73མངོན་འགྱུར་བྱུང་ཞིང8%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བ་སྒོར་དུང་ཕྱུར34.4གྲུབ། ཁ་ཆེ་ཚད་ཀྱི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར4.96ཡོད་ལ10.96%འཕར། གྲོང་ཁྱེར་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར21491ལ་བསླེབས་པ་དང8.56% འཕར། རོང་འབྲོག་མི་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོ་སྒོར6627ལ་བསླེབས་པ་དང8.36% འཕར།

2016ལོར། གཙོས་གྲོང་ཁྱེར་གྱིས་རྨང་གཞི་སྲ་བརྟན་དང་ཆུ་ཚད་མཐོར་འདེགས། དམངས་འཚོ་འགན་སྲུང་། དམངས་སེམས་གཅིག་ཏུ་བསྡུས་པའི་རིག་ལམ་ལྟར། སློབ་གསོ་སྔོན་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས་སློབ་གྲྭ་ཚད་ལྡན་དུ་འཛུགས་སྐྲུན་བྱེད་པ་ནན་གྱིས་སྤེལ་ནས། ལོ་དེར་མ་དངུལ་སྒོར་དུང་ཕྱུར1.8བཏང་སྟེ་གཙོས་གྲོང་ཁྱེར་སློབ་ཆུང་གཉིས་པ་དང་སློབ་ཆུང་བཞི་བ། གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་དང་གཙོས་གྲོང་ཁྱེར་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་དང་གཙོས་གྲོང་ཁྱེར་སློབ་ཆུང་ལྔ་བ་སོགས་སློབ་གསོའི་ལས་གཞི་མཐུད་འཛུགས་བྱས། སློབ་ན་མ་སོན་པའི་བྱིས་པའི་ལོ་གསུམ་རིང་གི་སློབ་ཞུགས་ལོན་ཚད་དང་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་འབྲིང་སློབ་ཞུགས་ལོན་ཚད་སོ་སོར88.92%དང95.04%  132.89%ལ་བསླེབས་ཡོད། སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོར་འདེགས་སུ་བཏང་ནས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས“བྱང་གཅིག་ཀུན་རྒྱུག”ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ་དང་གྲོང་ཁྱེར་ཡོངས་ཀྱི་རོང་འབྲོག་སྡེ་བའི་མཉམ་ལས་སྨན་བཅོས་ལ་མི32537ཞུགས་ཡོད་པ་དང་། མཉམ་ལས་ལ་ཞུགས་ཚད98.04%ལ་བསླེབས། གནོད་སེལ་རྒུད་སྐྱོབ་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་བྱ་བར་ཤུགས་བསྣན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་མ་དངུལ་སྒོར་ཁྲི6234.46དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི213.51དང་། འགན་སྲུང་ལྔའི་གསོ་དངུལ་སྒོར་ཁྲི68དང་གནས་སྐབས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི96.58དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གྲོན་དངུལ་སྒོར་ཁྲི36.01དང་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་དང་ཚབས་ཆེ་བའི་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རོགས་དགུལ་སྒོར་ཁྲི52.38བཅས་བཏང་། ཕན་ནུས་ལྡན་པའི་སྒོས་དབུལ་སྐྱོར་བྱ་བ་སྤེལ་ནས། རིམ་བསགས་ཀྱིས་བརྩིས་ན་བསྡོམས་པས་མ་དངུལ་སྒོར་ཁྲི301.1བཏང་སྟེ་མང་ཚོགས་ཀྱི་དཀའ་ཁག་བསལ།
    ཏང་གི་སྲིད་ཇུས་ཡག་པོ་དཔྱིད་རླུང་གཡུགས་པ་དང་འདྲ་བར་དམངས་ཀྱི་འཚོ་བར་སྣ་བརྒྱའི་ཟེའུ་འབྲུ་ངོམས་བྱུང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་བའི་ཐོག་གཙོས་གྲོང་གི་མི་དམངས་ཁྲི་དགུ་ཡིས་སྙིང་རུས་ཆེན་པོ་དང་རྡོག་རྩ་གཅིག་སྒྲིལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།