ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

93edbca.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཡི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཆེན་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་མོལ་འཛིན་གྲྭའི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་དང་། ཝང་སན་ཡུན་ཧྲུའུ་ཅི་ཡིས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཏང་སྲིད་ཀྱི་འགོ་ཁྲིད་པ་གཙོ་བོའི་ཆེད་དོན་ཞིབ་འཇུག་དང་གྲོས་མོལ་འཛིན་གྲྭའི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་ལ་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་ཨན་ཅིན་ལུང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་གཏམ་བཤད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ལི་རེའུ་ཕིན་དང་དབྱང་ཀྲི་ཚའེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་དྲུང་ཡིག་ཆེན་མོ་ཏུང་ཡན་ཆིན་གྲོས་ཚོགས་སུ་ཞུགས།

ཨན་ཅིན་ལུང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་འགོ་ཁྲིད་མི་སྣས《གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང《ཏང་ནང་ཁུལ་གྱི་ལྟ་སྐུལ་སྐོར་གྱི་སྲོལ་ཡིག》སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ནས། ཏང་ནང་ཁུལ་གྱི་འཚོ་བ་ཚད་ལྡན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་སྐྱོང་བར་རྨང་གཞི་བཟང་བོ་བཏིང་ནས། མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་བཟང་བོ་ཐོབ་པ་བྱ་དགོས་ཞེས་བསྟན།

ཨན་ཅིན་ལུང་གིས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་དང་། ཞིང་ཆེན་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་མོལ་འཛིན་གྲྭའི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་དང་། ཝང་སན་ཡུན་ཧྲུའུ་ཅི་ཡིས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོའི་ཆེད་དོན་ཞིབ་འཇུག་དང་གྲོས་མོལ་འཛིན་གྲྭའི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱ་དགོས་ཞེས་ནན་གྱིས་བསྟན།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།