ཀྲུང་གོ་བོད་ཀྱི་དྲ་བ།

​ཀན་སུའུ་ཡིས་ཧྭ་ཐིང་ཧྲི་ཀུང་དགོན་བྲག་ཕུག་གི་ཉེན་ཡོད་བྲག་ངོས་བརྟན་གཏོང་ལས་གྲྭ་འགོ་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་རིང་ནང་ཆར་ལྷགས་ཀྱི་བསླད་སྐྱོན་ཐེབས་པའི་རྐྱེན་གྱིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན་པའི་ཧྲི་ཀུང་དགོན་བྲག་ཕུག་གི་བྲག་ངོས་གས་པ་དང་གོག་པའི་གནས་ཚུལ་ཐོན་ནས་རིག་དངོས་དང་མི་སྣའི་བདེ་འཇགས་ལ་གནོད་འཚེ་བཟོས་ཡོད། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་ཆར་ཀན་སུའུ་ཞིང་ཆེན་ཧྭ་ཐིང་རྫོང་གིས་ཧྲི་ཀུང་དགོན་བྲག་ཕུག་གི་བྲག་ངོས་བརྟན་གཏོང་ལས་གྲྭ་སྤེལ་འགོ་བཙུགས་པ་རེད།

ཧྲི་ཀུང་དགོན་གྱི་བྲག་ཕུག་དེ་ཀན་སུའུ་ཞིང་ཆེན་ཧྭ་ཐིང་རྫོང་དང་ཧྲའན་ཤིས་ཞིང་ཆེན་ལུང་རྫོང་གི་འབྲེལ་མཚམས་སུ་གནས་པ་དང་དེ་སྔོན་ཡུལ་དེ་ནི་དར་གོས་གནའ་ལམ་གྱི་ཧྲའན་ཤིས་ནས་ཀན་སུའུ་བར་བསྐྱོད་པའི་བགྲོད་ལམ་གལ་ཆེན་གྲས་ཤིག་ཡིན། བྲག་ཕུག་དེ་པེ་ཝུའེ་དུས་སྐབས་ནས་འདྲུས་འགོ་ཚུགས་པ་དང་སུའེ་རྒྱལ་རབས་སྐབས་སུ་འདྲུས་མཚམས་བཞག་ཡོད། བྲག་ཕུག་ཤར་ནས་ནུབ་བར་གྱི་རིང་ཚད་སྨི120ཟིན་པ་དང་ད་ཡོད་ཀྱི་བྲག་ཕུག14ནང་སྐུ་བརྙན249ཡོད། བྲག་ཕུག་དེ་དག་ས་ངོས་ནས་མཐོ་ཚད་སྨི5དང་སྨི10བར་གྱི་བྲག་རིའི་ཐོག་འདྲུས་པ་དང་བྲག་ཕུག་དེ་དག་ནང་གི་བརྐོས་བརྙན་གྱི་ལག་ཤེས་ལེགས་ལ་ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཡོད། བྲག་ཕུག་དེ2013ལོའི་ཟླ་བ་གསུམ་པར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་བདམས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཧྲི་ཀུང་དགོན་གྱི་བྲག་ཕུག་གི་ཉེན་ཡོད་བྲག་ངོས་བརྟན་གཏོང་ལས་གྲྭར་ཁྱོན་བསྡོམས་སྒོར་ཁྲི812.94བཏང་བ་དང་ལས་གྲྭའི་རྣམ་གྲངས་ནང་ཧྲི་ཀུང་དགོན་བྲག་ཕུག་སྲུང་སྐྱོབ་ཁུལ་ནང་གི་ཉེན་ཡོད་བྲག་ངོས་བརྟན་གཏོང་སྲུང་སྐྱོབ་དང་། སེར་ཀ་སྐོང་བ། གདུང་འདེགས་འཕྲང་ཟམ་ཉམས་བཟོ། ཆུ་སྐྱོན་བཅོས་སྒྲིག བྲག་ངོས་ལྟ་ཞིབ་ཚད་ལེན་སོགས་ཚུད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།