ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་རྨ་ཆུ་ལ་ཡོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཞིང་ཏང་ཨུའི་ཏང་གི་སློབ་གྲྭའི་རིག་གནས་ལོ་རྒྱུས་སློབ་དཔྱོད་པུའུ་ཡི་ཀྲུའུ་རེན་ཝུའུ་ཞའོ་ཅུན་རྨ་ཆུ་རྫོང་ལ་ཡོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།    ཝུའུ་ཞའོ་ཅུན་གྱིས་སྒྲོག་འགྲེལ་སྙན་ཞུའི་ཁྲོད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་དམ་དུ་སྦྲེལ་ནས། གཞི་གྲངས་འབོར་ཆེན་དང་དཔེ་མཚོན་གསོན་ཉམས་ལྡན་པ་བཀོལ་ཏེ་འཆད་འགྲེལ་གཏིང་ཟབ་བྱས།    

སྙན་ཞུའི་ཚོགས་འདུས་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་ལ་སློབ་སྦྱོང་མཐིལ་ཕྱིན་བྱས་ནས། ཐོག་མར་གོམ་གང་སྔོན་ནས་སྦྱངས་ཤིང་དེ་ནས་རིམ་པ་གཅིག་ཁོང་དུ་ཆུད་པ་བྱས་ཏེ། གཞི་རིམ་ལ་ཟབ་ཞུགས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ལ་སྒྲོག་འགྲེལ་བྱ་དགོས། དོན་དངོས་དང་འབྲེལ་བ་དང་བསམ་བློ་དང་འབྲེལ་བ།བྱ་བ་དང་འབྲེལ་ནས་མང་ཚོགས་ཀྱིས་གོ་སླ་བ་དོན་འཁྱོལ་ཐུབ་པ་བྱས་པ་དང་སྦྲགས། སྒྲོག་འགྲེལ་སློབ་སྦྱོང་གི་དམིགས་བསལ་རང་བཞིན་མཐོ་རུ་གཏོང་དགོས། ད་ལོའི་དགུན་དང་སང་ལོའི་དཔྱིད་ཀྱི་ཕྱུགས་ལས་ཐོན་སྐྱེད་ཅུང་ཁོམ་པའི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ནས་རྫོང་རིམ་པས་གྲོང་རྡལ་ལ་འགོ་ཁྲིད་དང་། རྫོང་གིས་མངགས་པའི་སྒྲོག་འགྲེལ་ཚོགས་པ་སྡེ་བར་སྡོད་པའི་མང་ཚོགས་བྱ་བའི་ཚན་ཆུང་དང“མི་སེར་སྒྲོག་འགྲེལ་ཚོགས་པ”སོགས་ཀྱི་ཐོན་ཁུངས་ལ་ཕྱོགས་ནས་ངོ་གཏད་ནས་གཞུང་ལུགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཁྱིམ་ཚང་དང་མི་རེ་རེར་ཤེས་སུ་འཇུག་པ་དང་མིའི་སེམས་གཏིང་ལ་འཇོག་པར་བྱ་དགོས་ཞེས་བསྟན།།    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།