ཀན་ལྷོའི་སྒྲུང་གཏམ་བགྲོ་གླེང་ཚོགས་འདུ་གཙོས་སུ་འཚོགས།

13.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན་གྱི་སྔ་དྲོར་ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་དང་ཀན་ལྷོའི་རྩོམ་པ་བོའི་མཐུན་ཚོགས་ཀྱིས་གཙོ་འགན་ཁུར་ནས་བསྒྲུབས་པའི་ཀན་ལྷོའི་སྒྲུང་གཏམ་བགྲོ་གླེང་ཚོགས་འདུ་དེ་གཙོས་སུ་བདེ་བླག་ངང་འཚོགས་ཤིང་། པེ་ཅིན་དང་བོད་ལྗོངས།མཚོ་སྔོན།སི་ཁྲོན།ཀན་སུའུ་བཅས་ཞིང་ཆེན་དང་གྲོང་ཁྱེར་ནས་ཕེབས་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་མི་སུམ་ཅུ་ལྷག་བགྲོ་གླེང་ཚོགས་འདུར་ཞུགས།

ཀན་སུའུ་རིག་རྩལ་དཔྱད་བརྗོད་ཚོགས་པའི་ཀྲུའུ་རིན་ནམ་《ཀན་སུའུ་རིག་རྩལ》གྱི་གཙོ་སྒྲིག་པ་ཀྲང་ཚུན་ཞུའེ་ཡིས་གཏམ་བཤད་བཞིན་པ།

ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཝང་ཡུན་ཅིག་གིས་ཚོགས་འདུ་ལ་ཤིས་ཚིག་ཕུལ་བཞིན་པ།

༡༩.jpg

ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡུས་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།

ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡུས་ཕིང་གིས་ཚོགས་འདུ་གཙོ་སྐྱོང་བྱས་ཤིང་།ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཝང་ཡུན་ཅིག་གིས་ཚོགས་འདུ་ལ་ཤིས་ཚིག་ཕུལ་ཅིང་ཉེ་བའི་ལོའི་ཀན་ལྷོའི་རྩོམ་རིག་གསར་རྩོམ་དང་སྒྲུང་གཏམ་གསར་རྩོམ་ཐད་ཀྱི་གྲུབ་འབྲས་དང་གནད་དོན་མཚམས་སྦྱོར་ཞུས། ཀན་སུའུ་རིག་རྩལ་དཔྱད་བརྗོད་ཚོགས་པའི་ཀྲུའུ་རིན་ནམ་《ཀན་སུའུ་རིག་རྩལ》གྱི་གཙོ་སྒྲིག་པ་ཀྲང་ཚུན་ཞུའེ་ཡིས་མིག་སྔའི་རྒྱལ་ནང་དང་རང་ཞིང་གི་སྒྲུང་གཏམ་གསར་རྩོམ་ཐད་ཀྱི་གནས་ཚུལ་བགྲོ་གླེང་བྱས་ཤིང་། ལོ་འདི་དག་གི་ནང་དུ་ཀན་ལྷོའི་སྒྲུང་གཏམ་གསར་རྩོམ་གྱི་གྲུབ་འབྲས་ཁས་ལེན་དང་འདེང་འཇོག་མཛད། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ཀྱི་གཙོ་སྒྲིག་པ་བསྟན་པ་རབ་རྒྱས་ཀྱིས་སྒྲུང་གཏམ་གསར་རྩོམ་ཐད་འཚོ་བར་ཟབ་ཞུགས་དང་རྒྱུས་ལོན་བྱེད་པ་མི་འདང་བའི་གནད་དོན་སྐོར་གྱི་གཏམ་བཤད་སྤེལ།ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ནམ་རྩོམ་རིག་དཔྱད་བརྗོད་པ་ཨན་ཧྲའོ་ལུང་གིས་ཉེ་བའི་ལོའི་རྒྱ་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་གཏམ་སྐོར་གྱི་དགེ་སྐྱོན་ལ་དཔྱད་བརྗོད་བྱས། 《སྤང་སྤོས》དུས་དེབ་ཀྱི་གཙོ་སྒྲིག་གཞོན་པ་ཀྲང་ཧོའུ་ཧོའུ་དང་། 《རྨ་ཆུའི་རྩོམ་རིག》དུས་དེབ་ཀྱི་སྒྲུང་གཏམ་རྩོམ་སྒྲིག་པ་ཝང་ཝུན་སི་སོགས་ཀྱིས་གཅིག་མཇུག་གཉིས་མཐུད་དུ་རྒྱལ་ནང་དང་རང་ཁུལ་གྱི་སྒྲུང་གཏམ་གསར་རྩོམ་ཐད་བསམ་འཆར་ལྷུག་པོར་བརྗོད།

5.jpg

《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ཀྱི་གཙོ་སྒྲིག་པ་བསྟན་པ་རབ་རྒྱས་ཀྱིས་གཏམ་བཤད་གནང་བཞིན་པ།

 《གངས་ལྗོངས་ཉི་གཞོན》དུས་དེབ་ཀྱི་གཙོ་སྒྲིག་པ་དཀོན་མཆོག་རྡོ་རྗེ།

《སྦྲང་ཆར》དུས་དེབ་ཀྱི་གཙོ་སྒྲིག་པ་གཞོན་པ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ། 

༩.jpg

བོད་ཀྱི་དམངས་སྲོལ་དུས་དེབ་ཀྱི་རྩོམ་སྒྲིག་པ། བོད་ཀྱི་རྩོམ་པ་པོ་ཚེ་རྒྱལ་ལམ་རང་སྒྲས་གཏམ་བཤད་གནང་བཞིན་པ།

༡༨.jpg

 བོད་སྐད་ཡིག་གི་སྒྲུང་གཏམ་བགྲོ་གླེང་ཚན་ཆུང་གིས་བགྲོ་གླེང་བྱེད་བཞིན་པ།

༡.jpg

 བོད་སྐད་ཡིག་གི་སྒྲུང་གཏམ་བགྲོ་གླེང་ཚན་ཆུང་།

ཉིན་དེའི་ཕྱི་དྲོར། རྒྱ་བོད་སྐད་གཉིས་ཀྱི་སྒྲུང་གཏམ་འབྲི་མཁན་ཚོ་ཚན་ཆུང་གཉིས་སུ་བགོས་ཏེ་བགྲོ་གླེང་བྱས་ཤིང་། བོད་སྐད་ཡིག་གི་སྒྲུང་གཏམ་བགྲོ་གླེང་ཐོག《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ཀྱི་གཙོ་སྒྲིག་པ་བསྟན་པ་དར་རྒྱས་དང《སྦྲང་ཆར》དུས་དེབ་ཀྱི་གཙོ་སྒྲིག་པ་གཞོན་པ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ། 《གངས་ལྗོངས་ཉི་གཞོན》དུས་དེབ་ཀྱི་གཙོ་སྒྲིག་པ་དཀོན་མཆོག་རྡོ་རྗེ།《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཀྱི་རྩོམ་སྒྲིག་པ་དཔལ་རྒྱམ།《ཤྭ་སྐྱ》དུས་དེབ་ཀྱི་གཙོ་སྒྲིག་གཞོན་པ་ཚེ་དབང་རིན་འཛིན། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང“སྐད་གཉིས”སློབ་གླིང་གི་ཡོན་ཀྲང་ངམ་བོད་ཀྱི་རྩོམ་པ་བོ་ལྷ་རྒྱལ་ཚེ་རིང་སོགས་ཀྱིས་བོད་སྤྱིའི་སྒྲུང་གཏམ་དང་སྒོས་སུ་ད་ལོའི《སྦྲང་ཆར》དུ་སྤེལ་བའི་ཀན་ལྷོའི་སྒྲུང་ཐུང་ཆེད་བསྒྲིགས་ཏེ། ཨ་དོན་གྱིས་བརྩམས་པའི《རྣམ་ཐར་བཙན་པོ་མ》དང་། ཨ་པན་གྱིས་བརྩམས་པའི《རོགས་དངུལ》། ཆས་པ་རྟ་མགྲིན་ཚེ་རིང་གིས་བརྩམས་པའི《ལ་གཟར་སྡེ་བའི་ཁ་སང་དང་དེ་རིང》། ཁ་གྱའི་སངས་རྒྱས་བཀྲ་ཤིས་ཀྱིས་བརྩམས་པའི《ང་དང་ཨ་ཁུ་དམ་ཆོས་ཀྱི་གཏམ་རྒྱུད》། རྡོ་རྗེ་དོན་གྲུབ་ཀྱིས་བརྩམས་པའི《ན་ཟུག》བཅས་ཀྱི་བརྗོད་བྱའི་ནང་དོན་དང་བསམ་བློ། སྒྱུ་རྩལ་སོགས་ཀྱི་ལེགས་ཉེས་ཐད་བགྲོ་གླེང་བྱས།

2.jpg

《སྦྲང་ཆར》དུ་སྤེལ་བའི་ཀན་ལྷོའི་སྒྲུང་ཐུང་ཆེད་བསྒྲིགས་ཀྱི་རྩོམ་པ་པོ་ལྷན་རྒྱས།

ཟླ་ཟེར་དུས་དེབ་ཀྱི་གཙོ་སྒྲིག་པ་ཕྱག་རྡོར་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།

རྨ་ཆུ་རྫོང་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་རྩོམ་པ་པོ་ཨ་དོན། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།