ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ལོ་རྒྱུས1991-2010ལ་ཞིབ་འཇུག་དང་དཔྱད་བསྡུར་བྱེད་པའི་གྲོས་ཚོགས་ཚོགས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2018-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས14ཉིན་ལ། ཀན་ལྷོ་ཁུལ་གྱི་ལོ་རྒྱུས(1991-2010)ལ་ཞིབ་འཇུག་དང་དཔྱད་བསྡུར་བྱེད་པའི་ཚོགས་འདུ་གཙོས་སུ་ཚོགས།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཤིས་ཚིག་ཕུལ།

 ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ལི་རུའེ་ཕིན་དང་ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལིའང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཧུང་ཚའེ་དང་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ཆེད་མཁས་པ་གྲོས་ཚོགས་སུ་ཞུགས།

 གྲོས་ཚོགས་སུ། ཁུལ་ལོ་རྒྱུས་གཞུང་ལས་ཁང་གི་འགན་ཁུར་བསཀན་ལྷོའི་ཁུལ་གྱི་ལོ་རྒྱུས(1991-2010)སྡུད་སྒྲིག་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ཕུལ་བ་མ་ཟད། ལོ་རྒྱུས་ཀྱི་ནང་དོན་ལ་ཚོ་ཁག་བགོས་ནས་དཔྱད་མོལ་བྱས།

ཡུས་ཁྲིན་ཧུའེ་ཡིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་དུས་གཏན་དུ་ལོ་རྒྱུས་འབྲི་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚད་གཞི་དང་བླང་བྱ་ནན་མོ་བྱས་ཏེ་ནང་དོན་ཕུན་སུམ་ཚོགས་པའི་ལོ་རྒྱུས་སྤུས་ལེགས་གཏོད་དགོས། ལོ་རྒྱུས་ཀྱི་དཔེ་དེབ་འདི་སྡུད་སྒྲིག་བྱེད་པའི་བྱ་བའི་ཁྲོད་དུ་ཁུལ་དང་རྫོང(གྲོང་ཁྱེར)ཚང་མས་ལོ་རྒྱུས་དཔེ་དེབ་ཀྱི་སྤུས་ཀའི་གནད་དོན་གྱི་གལ་ཆེན་རང་བཞིན་ཤེས་རྟོགས་ནན་མོ་བྱས་ནས་ཇུས་གཞི་འགོད་པ་དང་ལེ་ཚན་འཆར་འགོད། དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ། མ་ཟིན་འབྲི་བ། ཞིབ་བཤེར་རྩིས་ལེན་སོགས་གནད་འགག་རེ་རེའི་ཐད་དུ་སྤུས་ཀ་ལེགས་པོའི་འདུ་ཤེས་བརྟན་པོ་བཙུགས་ནས། སྤུས་ཚད་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཧུར་བརྩོན་གྱིས་ལོ་རྒྱུས་དཔེ་དེབ་སྡུད་སྒྲིག་བྱ་བའི་སྤུས་ཀ་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲའོ་ལིན་ཡུན་གྱིས་ཤིས་ཚིག་ཕུལ་སྐབས་སུ་ས་གནས་ཀྱི་ལོ་རྒྱུས་རྩོམ་སྒྲིག་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཤིག་ཡིན་ལ། ཀན་ལྷོ་ཁུལ་གྱི་ལོ་རྒྱུས(1991-2010)འདིས་ལོ་ངོ20རིང་གི་ཀན་ལྷོའི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་བར་ལས་རིགས་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཁྱོན་ཡོངས་ནས་བཀྲམས་ཡོད་ལ། དོན་དངོས་དང་གསོན་ཉམས་ལྡན་པའི་སྒོ་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་ཤུགས་སྐྱེད་སྟོབས་སྤེལ་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད་པས། རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་མྱོང་དུ་འཇུག་པ་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་འཕེལ་རྒྱས་དང་འགྱུར་ལྡོག་འབྱུང་བཞིན་པའི་ཀན་ལྷོར་སྔར་བས་རྒྱུས་ལོན་བྱེད་པར་ཕན་པ་ཆེན་པོ་ལྡན། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་དེད་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པར་སྐུལ་མ་གཏོང་དགོས་ཞེས་བསྟན།  །    

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།