ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་དབུལ་ཕོངས་ས་ཁུལ་གྱི་ཆུ་འདོན་འགན་སྲུང་ཆུ་ཚད་མཐོ་རུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་གཙོ་གཉེར་བྱས་བའི་ཀན་སུའུ་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞི་སྲ་བརྟན་མཐོར་གཏོང་དང་། དགུན་དུས་འཁྱགས་སྦུག་སྒྱུར་བཀོད་ལས་གཞི། དོང་ཆུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ལས་དོན་བསྒྲུབས་པ་བརྒྱུད། དབུལ་ཕོངས་ས་ཁུལ་གྱི་ཆུ་འདོན་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་། 

ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་ཐན་ཞུས་པིང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ནང་དོན་གལ་ཆེན་ཡིན་པའི་ཆ་ནས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ནི་དབུལ་ཐར་མཁྲེགས་གཏོར་གྱི་གཞི་རྩའི་བླང་བྱ་ཡིན་པས་དབུལ་ཕོངས་མི་འབོར་དབུལ་ཐར་དང་དབུལ་ཕོངས་ལས་ཕྱིར་འབུད་པ་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་ལའང་འབྲེལ་བ་ཡོད་ཅེས་བརྗོད།

ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་གྱིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་དེ་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་ལས་ཀའི་གྲས་ཤིག་ཏུ་བརྩིས་ཡོད་པ་དང་། 2016ལོ་ནས2018ལོའི་བར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར56.7བཏང་ནས་མི་འབོར་ཁྲི730.6ལ་ཁེ་ཕན་ཐོབ་ཡོད་པ་ཡིན་ལ། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི47.4ཡོད། མིག་སྔའི་ཚུན་དུ། ཀན་སུའུ་ཞིང་ཆེན་གྱི་ཞིང་སྡེར་འཐུང་ཆུ་གཅིག་སྡུད་འདོན་སྤྲོད་བྱེད་ཚད91%དང་། རང་འབབ་ཆུ་ཁྱབ་ཚད88%ཟིན་པ་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད།

དེ་དང་དུས་མཚུངས་སུ་ཀན་སུའུ་ཞིང་ཆེན་གྱིས་ཞིང་ནང་དུ་ཆུ་གཏོང་བའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། ཆུ་གྲོན་ཆུང་གིས་ཞིང་ཆུ་འདྲེན་པར་ཤུགས་ཆེན་བཏང་བ། ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་སྐོར་ཞིག་གིས་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཏེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་མགྱོགས་མྱུར་སྒོས་ཐག་གཅོད་བྱེད་པར་རྨང་གཞིའི་འགན་ལེན་འདོན་སྤྲོད་བྱས།

ཀན་སུའུ་ཞིང་ཆེན་གྱིས“ལོ་གསུམ་གྱི་ལས་འགན་དང་ལོ་གཉིས་ཀྱི་ལེགས་འགྲུབ”ཀྱི་དམིགས་ཚད་བླང་བྱ་ལྟར། ཀན་སུའུ་ཞིང་ཆེན་གྱིས་ཞིང་སྡེའི་འཐུང་ཆུ་གཅིག་སྡུད་འདོན་སྤྲོད་ལས་གཞི615སྐྲུན་འགོ་ཚུགས་པ་དང་ལས་འགོ་ཚུགས་ཚད99%ཟིན་ཡོད་ཅིང་། དེའི་ནང“ཁུལ་གཉིས་དང་རྫོང་གཅིག”གི་འཐུང་ཆུ་གཅིག་སྡུད་འདོན་སྤྲོད་ལས་གཞི325སྐྲུན་འགོ་ཚུགས་པ་དང་ལས་འགོ་ཚུགས་ཚད100%ཟིན་པ་མ་ཟད། ད་དུང་དགུན་དུས་འཁྱགས་སྦུག་དོ་དམ་གྱི་གནད་དོན408ད་ལོའི་འཛུགས་སྐྲུན་ལས་འགན་ནང་བཅུག་ཡོད་པ་རེད། མིག་སྔར་ཆུ་འདོན་སྤྲོད་ཀྱི་ལས་གཞི་ཁྱབ་དཀའ་བའི་ཞིང་བའི་དུད་ཁྱིམ་ཁྲི3.3ལ་ཆུ་དོང་གཙང་བཟོའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་འཐུང་ཆུའི་སྤུས་ཚད་ལེགས་སུ་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།