ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གི2019ལོའི་ཚོགས་འདུ་ཐེངས7པ་དང་རྫོང་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་གཟིགས་ཀྱི་བསམ་འཆར་ཕྱིར་ལྡོག་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས4བ་བསྡུས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་མིག་སྔའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།

ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་གིས་ཚོགས་འདུའི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད་གནང་།

དབྱང་ཞུང་གིས་ཛ་དྲག་གི་གནས་བབ་གསལ་རྟོགས་གང་ལེགས་བྱས་ཏེ་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་མ་བྱས་གོང་དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲི་གཙོ་བོ་འཁུར་ནས་རང་འགན་གཙང་སྒྲུབ་བྱ་དགོས་པ་དང་། དབུལ་ཐར་མཁྲེགས་གཏོར་དེ“ཞིང་གསུམ”བྱ་བར་སྣེ་ཁྲིད་བྱེད་པའི་གཞི་འཛིན་ས་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་དབུལ་ཐར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་དབུལ་ཐར་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བར་ཤུགས་བསྣན་ནས་བྱ་བ་ཁག་ཏན་ཏིག་དང་ཞིབ་ཚགས་ཡོང་བ་བྱ་དགོས་ལ། རྫོང་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམིགས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཛུགས་པ་དང་། རོགས་སྐྱོར་འཆར་གཞི་བཟོས་ནས་སྡེ་བ་ལ་ཁྱད་ལྡན་ཐོན་ལས་ཡོད་པ་དང་། ཁྱིམ་ཚང་ལ་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་ཡོད་པ། མི་ལ་ལག་རྩལ་ཡོད་པ་བཅས་བྱས་ཏེ་དབུལ་ཕོངས་མང་ཚོགས་ལ་ཡོང་འབབ་འཕར་སྣོན་ཡོང་བ་འགན་ལེན་བྱ་དགོས་ཞེས་ནན་གྱིས་བཤད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།