ཀྲུང་གོ་བོད་ཀྱི་དྲ་བ།

མཛེས་ཤིང་ལྟ་ན་སྡུག་པའི་ཀན་སུའུ་ལུང་ནན་གྱི་བོད་རིགས་ཤང་།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief.jpg

འདི་ནི་ཀན་སུའུ་ལུང་ནན་ཝུའུ་ཏུའུ་ཆུས་དབུལ་སྐྱོར་གནས་སྤོས་ཕིང་ཡཱ་བོད་རིགས་ཤང་གི་སྡོད་ཁང་རེད།

res04_attpic_brief.jpg

འདི་ནི་ཕིང་ཡཱ་བོད་རིགས་ཤང་གི་མང་ཚོགས་ཀྱིས་ཐག་རིང་གི་མགྲོན་པོར་བསུ་བ་ཞུ་བཞིན་པའི་ཚུལ་རེད།

res07_attpic_brief.jpg

འདི་ནི2019ལོའི་ཟླ6ཚེས28ཉིན་གྱི་ཕྱི་དྲོར། ཀན་སུའུ་ལུང་ནན་ཝུའུ་ཏུའུ་ཆུས་ཕིང་ཡཱ་བོད་རིགས་ཤང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྲོང་ཚོའི་བོད་རིགས་སློབ་ཕྲུག་ཁ་ཤས་སློབ་གྲྭ་གྲོལ་ནས་ཕྱིར་ཁྱིམ་དུ་ལོག་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གཞུང་དུ་འབྲུག་དཀར་གཙང་པོའི་ངོགས་ཀྱི་ཀན་སུའུ་ལུང་ནན་ཝུའུ་ཏུའུ་ཆུས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཕིང་ཡཱ་བོད་རིགས་ཤང་ལ་བསྐྱོད་ཚེ། བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོག་བརྩེགས་གཉིས་ཅན་གྱི་སྡོད་ཁང་སྟར་པ་མང་པོ་མཐོང་ཐུབ། ལན་ཀྲོའུ་ནས་ཧའེ་ཁོའུ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ལན་ཀྲོའུ་ནས་ཁྲུང་ཆིང་བར་གྱི་ལྕགས་ལམ་གྲོང་ཚོ་དེ་བརྒྱུད་ནས་བཟོས་ཡོད་པས། དེ་སྔ་དབུལ་ཕོངས་ཡིན་པའི་བོད་རིགས་ཤང་དེ་ད་ཆ་འབྲུག་དཀར་གཙང་པོའི་ངོགས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཞིག་ཏུ་གྱུར་ཡོད།

ཕིང་ཡཱ་བོད་རིགས་ཤང་ནི་ཀན་སུའུ་ལུང་ནན་གྲོང་ཁྱེར་གྱི་ཤིན་ཏུ་དབུལ་བའི་ཡུག་ཁུལ25ཡི་གྲས་ཤིག་ཡིན། ཤང་ཡོངས་ལ་གྲོང་ཚོ9དང་སྡེ་ཁུལ18དང་དུད་ཚང1402དང་མི་གྲངས6270ཡོད། མཐོ་གྲང་རི་ཁུལ་དུ་གནས་པའི་རྐྱེན་གྱིས་རང་བྱུང་གི་ཆ་རྐྱེན་ཞན་ཞིང་ས་གཤིས་ཀྱི་གནོད་འཚེ་མང་བས་ཧ་ཅང་དབུལ་ཕོངས་ཡིན། དེར་བརྟེན་དབུལ་སྐྱོར་གསར་སྤེལ་གྱི་མ་གནས་མཐོ་ལ་དབུལ་སྒྲོལ་ཡང་བྱེད་ཁག་པོ་ཡོད་པ་རེད། ཤང་ཡོངས་ཀྱི་དབུལ་སྐྱོར་གནས་སྤོ་བྱེད་དགོས་པའི་གྲོང་ཚོ8ཀྱི་དུད་ཚང1236དང་མི་གྲངས5731ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར4.694བཏང་ཡོད་པ་དང་། འདི་ནི་ཀན་སུའུ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཙོ་གནད་ལས་གྲྭ་ཞིག་ཡིན་པ་རེད། ལས་གྲྭ2016ལོ་ནས་སྤེལ་འགོ་ཚུགས་རྗེས། ཞིང་དུད་ཀྱི་སྡོད་ཁང་གནས་སྤོ་འཛུགས་སྐྲུན་ཁྲོད་བོད་རིགས་ཀྱི་བཟོ་བཀོད་ཁྱད་ཆོས་དང་གོ་ཆོད་བདེ་འཇགས་ཀྱི་རང་བཞིན་འབུར་དུ་ཐོན་པར་བྱས་ནས། ཀན་སུའུ་ཞིང་ཆེན་གྱི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་བཏོད་དེ། རིག་གནས་ཡུལ་སྐོར་ཐོན་ལས་དང་བཟོ་གྲྭའི་རྣམ་པའི་དབུལ་སྐྱོར་འཁོར་ཁང་འཕེལ་རྒྱས་བཏང་བས་ཞིང་དུད་རྣམས་སོ་སོའི་སྒོ་འགྲམ་ནས་ལས་ཞུགས་ཐུབ་ཡོད། སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ80དང་། 100 120 160བཅས་ཆེ་ཆུང་མི་འདྲ་བ་ཡོད་པ་དང་། མི་རེའི་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ25ནང་ཚོད་འཛིན་བྱས་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རང་གྲབས་མ་དངུལ་མི་རེར་སྒོར2500ནང་ཚོད་འཛིན་བྱས་ཡོད། ལོ་གསུམ་རིང་སྤུས་ཚད་མཐོ་པོས་འཛུགས་སྐྲུན་བྱས་པ་བརྒྱུད། མིག་སྔར། མང་ཚོགས་ཚང་མ་སྡོད་ཁང་གསར་པའི་ནང་སྤོས་ཡོད་པ་དང་། དེ་དང་ཆབས་ཅིག སྤྱི་པའི་ཞབས་ཞུའི་ལྟེ་གནས་སྣ་ཚོགས་ཀྱང་འཛུགས་སྐྲུན་བྱས་པས། འབྲུག་དཀར་གཙང་པོའི་ངོགས་སུ་ཁྱད་ལྡན་མཛེས་སྡུག་གི་ཕིང་ཡཱ་བོད་རིགས་ཤང་གསར་པ་ཞིག་ཆགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།