ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གིས་སྨན་རྩྭ་འདེབས་འཛུགས་དང་ཤེས་ལྡན་མི་སྣའི་གསོ་སྐྱོང་རྟེན་གཞི་བཙུགས་ཏེ་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་གིས་ཞིང་ཆེན་རིམ་པའི་གཙོ་གནད་ཤེས་ལྡན་མི་སྣའི་ལས་གཞི་དང་ས་གནས་དེ་གའི་ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྐྱེ་ལྡན་ལྕུམ་རྩ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་གསོ་སྐྱོང་རྟེན་གཞི་བཙུགས་ནས་ཐོན་ལས་ཀྱི་ལེགས་ཆ་ལ་བརྟེན་ནས་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ཤིང་། རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་བཏང་སྟེ་དབུལ་ཐར་མཁྲེགས་གཏོར་ལ་ཞབས་ཞུ་སྒྲུབ་པ་རེད།

རྫོང་ཁོངས་སུ་ལྕུམ་རྩ་དང་ཏང་ཀུའེ་སོགས་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ། རྒྱལ་ཡོངས་ཀྱི་ཀྲུང་བོད་སྨན་རྫས་སྣ་མང་ཡོད་པའི་གནས་ཤིག་ཡིན། ཞིང་ཆེན་རིམ་པའི་གཙོ་གནད་ཤེས་ལྡན་མི་སྣའི་ལས་གཞིའི་མ་དངུལ་སྒོར་ཁྲི60དང་། ཁེ་ལས་ཀྱིས་སྒོར་ཁྲི200གྲབས་གསོག་བྱས་ཏེ་སྐྱེ་ལྡན་ལྕུམ་རྩའི་སྨྱུག་གསོ་རྟེན་གཞི་མུའུ200དང་སྐྱེ་ལྡན་ལྕུམ་རྩའི་དཔེ་སྟོན་འདེབས་འཛུགས་རྟེན་གཞི་མུའུ500བསྐྲུན་པ་དང་། སྨན་རྒྱུ་ལས་སྣོན་དང་གསོ་སྦྱོང་རྟེན་གཞི་སྨི་གྲུ་བཞི་མ850བསྐྲུན་ཡོད། ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། ཁྲིན་ཀོན་གྲོང་རྡལ་དང་དབྱང་ཡུང་གྲོང་རྡལ་སོགས་སུ་སྐྱེ་ལྡན་ལྕུམ་རྩ་མུའུ1200ལྷག་འདེབས་འཛུགས་ཁྱབ་གདལ་བཏང་ནས་ཉེ་འགྲམ་གྱི་ཀྲུང་བོད་སྨན་རྩྭ་འདེབས་འཛུགས་བྱེད་བཞིན་པའི་དུད་ཚང100ལྷག་དང་ཡིག་ཚགས་དང་གྰ་བཟོས་པའི་དབུལ་ཕོངས་དུད་ཚང50ལ་སྐུལ་ཁྲིད་བྱས་ཏེ་ཕྱུག་འགྱུར་གྱི་ལམ་དུ་བགྲོད་པ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།