ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞི་བསྐྲུན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2019-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀན་ལྷོ་ཁུལ་གྱི་རང་བྱུང་མཛེས་ལྗོངས། 

4.jpg

ཀན་ལྷོ་ཁུལ་གྱི་རང་བྱུང་མཛེས་ལྗོངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གལ་ཆེན་ཞིག་ཡིན་ལ། རྩྭ་ཐང་གི་ནོར་ལུག་དང་རི་ཁྲོད་དུ་གནས་པའི་གྲོང་སྡེ་ཆུང་ཆུང་གི་ཁ་དོག་སྣ་ཚོགས་ཀྱིས་ཡུལ་དེའི་རང་བྱུང་ཁོར་ཡུག་ལྷག་ཏུ་མཛེས་པར་བརྒྱན་ཡོད། ཡིན་ཡང་ལོ་མང་པོའི་རུ་སྤོ་བའི་འཚོ་སྟངས་དང་མི་ཕྱུགས་མཉམ་སྡོད་སོགས་ཀྱི་གནད་དོན་གྱིས་གྲོང་སྡེའི་ཁོར་ཡུག་ཟང་ཟིང་དུ་གྱུར་པ་རེད། ཀན་ལྷོ་ལ“མདོག་དགུའི་ཤམ་བྷ་ལའི”མཚན་སྙན་ལྡན་ཡང་སྲོལ་རྒྱུན་གྱི་གོམས་གཤིས་ངན་པ་ལ་ལས་རྩྭ་ཐང་དུ་འཚོ་བའི་གད་སྙིགས་ཀྱིས་ཁེངས་བས་རང་བྱུང་ཁོར་ཡུག་ལ་གཏོར་བརླག་བཟོས་ཡོད་པ་རེད། 

2.jpg

ཀན་ལྷོ་ཁུལ་གྱི་རང་བྱུང་མཛེས་ལྗོངས།

3.jpg

ཀན་ལྷོ་ཁུལ་གྱི་རང་བྱུང་མཛེས་ལྗོངས།

ཉེ་བའི་ལོ་འགའི་རིང་ལ་ཀན་ལྷོ་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ངང་ཁོར་ཡུག་སྐོར་གྱི་འབུར་ཐོན་གནད་དོན་ཐག་གིས་བཅད་དེ། ཞིང་སྡེའི་འཚོ་གནས་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་བཏང་སྟེ། “ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་གད་སྙིགས་མེད་པ”གཙོ་བོར་བཟུང་ནས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བར་སྐུལ་སྤེལ་བཏང་བ་བརྒྱུད་དེ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་གཉིས་ནས་རྒྱལ་ཁ་བླངས་པ་མངོན་འགྱུར་བྱུང་བ་མ་ཟད། ལྗང་མདོག་འཕེལ་རྒྱས་ཅན་གྱི་ལམ་བུ་གསར་པ་ཞིག་བཏོད་དེ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་རོལ་སྟངས་དེ“རི་བརྟེན་རི་སྤྱོད”ནས“རི་བརྟེན་རི་སྐྱོར”དུ་གྱུར་ནས་ཕྱོགས་ཡོངས་ནས་ཀན་ལྷོའི་སྐྱེ་ཁམས་སྲུང་སྐྱོང་ཆུ་ཚད་མཐོ་རུ་ཕྱིན་པ་རེད།  །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།