ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ལི་རྫོང་དུ“རིག་རྩལ་རྟ་དམག་གིས”གྲོང་གསེབ་ཀྱི་བསམ་བློའི་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཆར་པ་བབས་ཀྱང་ལི་རྫོང་གི་བསམ་བློའི་དབུལ་སྐྱོར་རིག་རྩལ་ཡན་ལག་རུ་ཁག་ཆུང་ངུས་ལུང་ནན་གྲོང་ཁྱེར་ལི་རྫོང་ཡུང་ཕིང་གྲོང་རྡལ་ཕིང་ཆོན་གྲོང་ཚོར་འཁྲབ་སྟོན་བྱས་པར་ལྟད་མོ་བ་ཆིག་སྟོང་ཙམ་འདུས་ཡོད་པ་རེད།

འདི་ནི་དབུལ་སྐྱོར་རིག་རྩལ་ཡན་ལག་རུ་ཁག་ཆུང་ངུ་འདིས་འཁྲབ་སྟོན་བྱེད་ཐེངས166པ་ཡིན་པ་རེད། 2018ལོར་བཙུགས་པ་ནས་བཟུང་། ལི་རྫོང་གི་ཤང་དང་གྲོང་རྡལ29ཡི་གྲོང་ཚོ་དབུལ་པོ100ལྷག་ཙམ་ལ་བསྐྱོད་དེ་འཁྲབ་སྟོན་བྱས་པ་དང་སྐྱོད་ཚད་སྤྱི་ལེ13000ལྷག་ཙམ་ཟིན་ཡོད་པ་རེད། ཡན་ལག་རུ་ཁག་ཆུང་ངུ་དེས་འཁྲབ་སྟོན་རྣམ་པ་སྣ་ཚོགས་བརྒྱུད་གྲོང་མི་ཚོའི་བསམ་བློར“བློ་སྐྱོར”གྱིས་མང་ཚོགས་དབུལ་པོ་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི“རྩ་བའི་སྒུལ་ཤུགས”འཕེལ་བར་བྱས་ནས། གྲོང་གསེབ་ཀྱི་བསམ་བློའི་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ་རེད།

ལི་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་ཆགས་ཤིང་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཡིན། 2018ལོའི་ཟླ་བཞི་པར། ལི་རྫོང་རིག་གནས་ལུས་རྩལ་ཐང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ལས་བྱེད་པ་ཁ་ཤས་དང་། རིག་གནས་དང་བླངས་པ། ལི་རྫོང་ཆིན་ཆང་ཁྲང་ཞི་འཁྲབ་རྩལ་ཀུང་སིའི་ལས་བཟོ་བཅས་ལས་ལི་རྫོང་བསམ་བློའི་དབུལ་སྐྱོར་རིག་རྩལ་ཡན་ལག་རུ་ཁག་ཆུང་ངུ་གྲུབ་ཅིང་། རུ་མི20ལྷག་ཙམ་དང་། རྐུབ་སྟེགས29ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས1 སྒྲ་སྐྱེད་སྒྲིག་ཆས་དབོར་བའི་ཕི་གཱ་རླངས་འཁོར1བཅས་ནི་རུ་ཁག་ཆུང་ངུ་དེའི་ཡོད་ཚད་ཡིན་པ་རེད།

“རིག་རྩལ་ཡན་ལག་རུ་ཁག་ཆུང་ངུ་དེ་ནི་གང་ལ་གང་འཚམ་གྱིས་མང་ཚོགས་གང་དུ་ཡོད་ན་དེ་གར་འཁྲབ་སྟོན་བྱེད་མཁན་ཞིག་ཡིན་པས། དབུལ་སྐྱོར་གྱི་རིག་རྩལ་རྟ་དམག་ཞིག་ཡིན”འཁྲབ་སྟོན་གྱི་སྡིངས་ཆ་ཁྲོམ་གཞུང་དང་ཞིང་ནང་སོགས་གང་དུ་བརྒྱབ་ཀྱང་ཆོག་པ་མ་ཟད། འཁྲབ་སྟོན་བྱེད་དུས་ད་དུང་ས་གནས་དེ་གའི་ཡུལ་སྐད་ཤོད་ཀྱི་ཡོད་པས་མང་ཚོགས་ཚོས་གོ་བདེ་ལ་ལྟ་རྒྱུར་དགའ་པོ་ཡོད་ཅེས་ལི་རྫོང་བསམ་བློའི་དབུལ་སྐྱོར་རིག་རྩལ་ཡན་ལག་རུ་ཁག་ཆུང་ངུའི་སྣེ་ཁྲིད་པ་ཀའོ་ཞ་ཡིས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།