ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ལོ་སྟོད་དུ་བ་ཙེ་རྫོང་གི་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར5.74ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བ་ཙེ་རྫོང་གི་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར5.74ལས་བརྒལ་བའི་ཟིན་ཐོ་སྐྲུན་པ་དང་། བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི106.45སྣེ་ལེན་བྱས་ཤིང་། དུས་མཉམ་ལས14.05%དང18.59%འཕར་སྣོན་བྱུང་ཡོད། 

ཉེ་བའི་ལོ་ཤས་རིང་། བ་ཙེ་རྫོང་གིས་འགོ་ནང་ཐང་མཛེས་ལྗོངས་ཁུལ་དང5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་སྟེ། མུ་མཐུད་དུ“མངའ་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ”གཏོད་པའི་ལས་དོན་རྒྱ་ཆེར་སྤེལ་ནས“ཡུལ་སྐོར+རིག་གནས”“ཡུལ་སྐོར+ཞིང་ལས”“ཡུལ་སྐོར+དྲ་སྦྲེལ”གྱི་འཕེལ་རྒྱས་རྣམ་པ་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ་ཡུལ་སྐོར་གྱི་སྤུས་ཚད་མཐོར་འདེགས་སུ་བཏང་། ཐའོ་ཀྲོའུ་ཡི་ལོ་རྒྱུས་རིག་གནས་དང་། ཆོས་ལུགས་རིག་གནས། འབྲི་ཆུ་དང་ཧོའེ་ཆུའི་རིག་གནས། གསར་བརྗེ་རིག་གནས་སོགས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་རིག་གནས་ཤུལ་བཞག་གསོན་པར་བྱེད་པ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དང་། རིག་གནས་བྱེད་སྒོ་དང་ལུས་རྩལ་འགྲན་བསྡུར་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིག་གནས་ཀྱི་ནང་དོན་ཟབ་མོ་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་བརྒྱུད་རིམ་ནང་བཅུག་ནས་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་སྔར་བས་མང་དུ་གཏོང་རྒྱུ་རེད། 

ནུས་ཤུགས་ཡོད་རྒུ་ཡིས་གྲོང་གསེབ་ཀྱི་ཡུལ་སྐོར་ཕྱོགས་བསྡུས་སྒྲིག་གཞི་བཏོད་ནས་གཙོ་བོ་མུའུ་ཁྲི་ཡི་པད་ཁ་དང་། པད་ཁའི་མེ་ཏོག མཐོ་སྒང་གི་སྐས་ཞིང་བཅས་ལ་གཟིགས་སྐོར་བྱེད་གནས་དང་། མེ་ཏོག་པད་མའི་ལྡུམ་ར། འབྲི་ཏ་ས་འཛིན་འཐུ་ས་སོགས་ཞིང་ལས་ཡུལ་སྐོར་ཐོན་རྫས་བཅས་སྐྱེད་སྲིང་བྱས་ཏེ།  ཞིང་སྡེའི་ཕྱོགས་བསྡུས་དཔེ་སྟོན་རྟེན་གཞི་བཏོད་དེ་སྐྱེ་ཁམས་ཞིང་སྡེའི་ལྟ་སྐོར་དང་། ཡུལ་སྲོལ་གོམས་གཤིས་དང་ཞིང་ལས་རྨོ་འདེབས་རིག་གནས་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་སྤྲོ་གསེང་ཞིང་ལས་ཡུལ་སྐོར་ཁུལ་བསྐྲུན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།