ཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པ་ཡང་བསྐྱར་རྒྱང་སྐྱོད་ལམ་དུ་སྐྱོད་པ་བརྗོད་གཞི་ཡིན་པའི་བཅར་འདྲིའི་བྱ་འགུལ་གྱི་སྤྱི་བསྡོམས་བཞུགས་མོལ་ཚོགས་འདུ་ཀན་སུའུ་ཧོས་ཉིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། མཚར་སྡུག་གི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་བ་ཞེས་པའི་གསར་འགོད་པ་ཡང་བསྐྱར་རྒྱང་སྐྱོད་ལམ་དུ་སྐྱོད་པ་བརྗོད་གཞི་ཡིན་པའི་བཅར་འདྲིའི་བྱ་འགུལ་གྱི་སྤྱི་བསྡོམས་བཞུགས་མོལ་ཚོགས་འདུ་ཀན་སུའུ་ཧོས་ཉིན་ནས་ཚོགས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། རྒྱལ་ཡོངས་གསར་འགྱུར་འཐབ་ཕྱོགས་ཀྱིས་ཤུགས་ཆེན་པོས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་ཏང་གི་ངོ་བོ་དང་དམིགས་འབེན་ཡིད་ལ་དམ་པོར་བཅངས་ནས། ཧུར་ཐག་སྒོས་དུས་རབས་གསར་བའི་རྒྱང་སྐྱོད་ལམ་དུ་ལེགས་པར་སྐྱོད་དགོས་པའི་འབོད་སྐུལ་བཏང་།

ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པ་དང་དམར་དམག་རྒྱང་སྐྱོབ་བྱས་ནས་ལོ་གྱ་ལྔ་ལོན་པའི་ལོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་རླབས་ཆེན་གྱི་རྒྱང་སྐྱོབ་སྙིང་སྟོབས་དར་སྤེལ་བྱེད་པའི་འབོད་སྐུལ་དང་མངག་བཅོལ་ལག་བསྟར་དང་དངོས་འབེབས་བྱེད་ཆེད། ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་ནས་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་བར་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྩ་འཛུགས་བྱས་ཏེ་མཚར་སྡུག་གི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་བ་ཞེས་པའི་གསར་འགོད་པ་ཡང་བསྐྱར་རྒྱང་སྐྱོད་ལམ་དུ་སྐྱོད་པ་བརྗོད་གཞི་ཡིན་པའི་བཅར་འདྲིའི་བྱ་འགུལ་སྤེལ་ཏེ། སྔ་གཞུག་ཏུ་གསར་འགོད་པ་སྟོང་གཅིག་དང་སུམ་བརྒྱ་ལྷག་གིས་སྐབས་དེའི་དམར་དམག་རྒྱང་སྐྱོབ་ཀྱི་ཞབས་རྗེས་སྙེགས་ཏེ་བསྡོམས་པས་ལེ་བར་ཁྲི་གཅིག་དང་སྟོང་དྲུག་ལྷག་ལ་སོང་ནས་བཅར་འདྲི་བྱས་པ་དང་། བསྡོམས་པས་གསོན་ཉམས་ལྡན་ཞིང་རྣམ་པ་མི་འདྲ་བའི་གསར་འགྱུར་ཁྲི་གཅིག་ལྷག་སྤེལ་བས་སྤྱི་ཚོགས་སྟེང་དུ་དོ་སྣང་ཆེན་པོ་ཐོབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།