མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ཅུའུ་ཀྲང་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ཅུའུ་ཀྲང་གྲོས་ཚོགས་ཟི་ལིང་ནས་བསྡུས། གྲོས་ཚོགས་སྟེང་2012ལོའི་སྤྱི་བདེ་བྱ་བ་སྤྱི་སྡོམ་བྱས་པ་དང་། སྔོན་ཐོན་ལ་གཟེངས་བསྟོད་བྱས་པ། ད་ལྟའི་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད། 2013ལོའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་2013ལོར་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་ལ་དམ་པོར་དམིགས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་འཛུགས་སྐྲུན་བྱེད་མཁན་དང་སྲུང་སྐྱོབ་བྱེད་མཁན་གྱི་འགན་འཁྲི་དམ་པོར་བཟུང་སྟེ། སྟོབས་ཤུགས་ཡོད་དགུས་བོིད་ཁུལ་གྱི་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཚོགས་བརྟན་འཇགས་དང་འཆམ་མཐུན་ཡོང་བར་ཧུར་ཐག་སྒོས་འགན་སྲུང་བྱེད་པ། སྤྱི་ཚོགས་ཀྱི་འགལ་བ་དང་གྱོད་གཞི་མེད་པར་གཏོང་བ། སྤྱི་ཚོགས་དོ་དམ་གསར་བསྐྲུན་བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་བསྐྲུན་བྱེད་པའི་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་། དྲང་བདེན་དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག སྤུས་ལེགས་ཞབས་ཞུའི་ཁོར་ཡུག་ཧུར་ཐག་སྒོས་བསྐྲུན་དགོས་ཞེས་ནན་གྱིས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག