མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པ་དང་སྲིད་གཞུང་གི་སྐབས་གསར་བའི་འགོ་ཁྲིད་བདམས་ཐོན་བྱུང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-30 10:54

     ཆང་ཝེ་མཚོ་སྔོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་བདམས་པ་དང་། མུའུ་ཏུང་ཧྲིན་དང་ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཝུན་ཧུའུ། མ་ཝེ། ཚའོ་ཧུང་བཅས་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པར་བདམས། ཚའེ་ཏིག་ཀུའེ་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བདམས།

     ལའོ་ཧུའེ་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལ་བདམས་པ་དང་། ཞུའུ་ཧྥུ་ཧྲིན་དང་ལའོ་ཡུས་ལིན། ཀའོ་ཡུང་ལུང་། ཀྲང་ཀོང་རོང་། མ་ཧྲིན་ཆིན། ཀྲང་ཅན་མིན། ལིས་ཀྲི་ཆང་། ཡན་ཅིན་ཧེ། ཁྲིན་ལིས་ཧྭ་བཅས་ཧྲིན་ཀྲང་གཞོན་པར་བདམས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས29ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་ཚོགས།

    ཚོགས་འདུའི་གྲོས་རིམ་བཀོད་སྒྲིག་ལྟར་ན། ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་སྟེང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། དྲུང་ཡིག་ཆེན་མོ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་དང་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་ལ་བདམས།

    ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་འདུར་ལ་ཞུགས་དགོས་པའི་འཐུས་མི398ཡོད་པ་དང་དོན་དངོས་སྟེང་མི392ཞུགས་ཡོད་པས་བཅའ་ཁྲིམས་ལས་གཏན་འཁེལ་མི་གྲངས་དང་མཐུན།

    ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཝང་ཅན་ཅིན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་མའོ་ཞའོ་པིན་དང་ཀྲུའུ་ཁྲུན་ཡུང་། ཏུའུ་ཅེ། ཡན་ཅིན་ཧེ། ཞའོ་ཧུའེ་ཉིན། ཁྲིན་ཞན་ཀང་། ཅིན་ཧྲིན་ཀོང་། ཀའོ་ཏ་ཝེ། དགེ་ལེགས། ཀྲའོ་ཡུང་ཞང་། ཀྲའོ་ཞི་ཕིན། མན་ཞའོ་ཧུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲས་སུ་བསྡད་ཡོད།

    ཆང་ཝེ་དང་ལའོ་ཧུའེ་ཉིན། རིན་ཆེན་རྒྱལ། ཞུའུ་ཧྥུ་ཧྲིན། ལའོ་ཡུས་ལིན། ཅི་ཏེ་མ་ཅ། རྡོ་རྗེ་རབ་བརྟན། ཆི་ཡུས། ཝང་ལིན་ཅིན། ཝང་ཞའོ་ཆིན། སུའུ་ཉིན། ཝུའུ་ཡུས་ཏིག བསྟན་ཁོ་སོགས་ཀྲུའུ་ཞི་སྟེགས་བུར་བསྡད་ཡོད།

    ཚོགས་འདུའི་སྟེང་ཆང་ཝེ་མཚོ་སྔོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་བདམས་པ་དང་། ལའོ་ཧུའེ་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལ་བདམས། མུའུ་ཏུང་ཧྲིན་དང་ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཝུན་ཧུའུ། མ་ཝེ། ཚའོ་ཧུང་ཝེ་བཅས་མཚོ་སྔོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པར་བདམས་པ་དང་། ཚའེ་ཏིག་ཀུའེ་མཚོ་སྔོན་ཞིང་ཆནེ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བདམས། ཞུའུ་ཧྥུ་ཧྲིན་དང་ལའོ་ཡུས་ལིན། ཀའོ་ཡུང་ལུང་། ཀྲང་ཀོང་རོང་། མ་ཧྲིན་ཆིན། ཀྲང་ཅན་མིན། ལིས་ཀྲི་ཆང་། ཡན་ཅིན་ཧའེ། ཁྲིན་ལིས་ཧྭ་བཅས་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པར་བདམས། ཏུང་ཁེ་ཅིན་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ལ་བདམས་པ་དང་། ཝང་ཞའོ་ཡུང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོར་བདམས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག