མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་ཀྲུང་གོ་མཚོ་སྔོན་དང་ཡོ་ནན་དངོས་མང་ཚོང་རྫས་འགྲེམ་སྟོན་ཚོགས་འདུ་ཡོ་ནན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས28ཉིན་གྱི་སྔ་དྲོར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཀྲུང་གུང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལོ་ཧོས་ཉིན་དང་ཡོ་ནན་བཟོ་ལས་དང་ཉོ་ཚོང་པུའུ་ཀྲང་བུའུ་ཧོས་ཧོང་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་མཚོན་པའི་སྡོང་བོར་ཆུ་བླུགས་ཏེ། དུས་ཡུན་ཉིན་བཞིའི་རིང་གི2013ལོའི་ཀྲུང་གོ་མཚོ་སྔོན་དང་ཡོ་ནན་ཚོང་རྫས་འགྲེམ་སྟོན་ཚོགས་འདུ་ཡོ་ནན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས།

ཡོ་ནན་བཟོ་ཚོང་ཚོགས་པའི་ཀྲུའུ་ཞི་བུའུ་ཅིན་ལུའུ་དང་། བཟོ་ཚོང་ཉོ་ཚོང་པུའུ་ཡི་པུའུ་ཀྲང་གཞོན་པ་རོན་ཅིན་ཞིག་དང་། རིག་གནས་ལུས་རྩལ་དང་གནས་སྐོར་པུའུ་ཡི་པུའུ་ཀྲང་གཞོན་པ་ཏིན་ཧྲི་པིས་ལེན། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་གཞོན་པ་བུའུ་བུན་པཱ། བཟོ་ཚོགས་ཚོགས་པའི་ཀྲུའུ་ཞི་གཞོན་པ་ཧྥན་ཅ་ཙུའུ། རྒྱལ་སྲུང་པུའུ་ཡི་ཧྲོ་ཅང་དམག་དཔོན་ལོས་ཆིན་སུང་། ཧི་ནེ་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁྲིན་ཁྲུན་ཡའོ། ཀྲུང་དབྱང་མཉམ་འབྲེལ་པུའུ་དང་། ཡོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བ་མགོ་བརྩམས་པའི་མཛད་སྒོར་ཞུགས། ལོ་ཧོས་ཉིན་དང་བུའུ་ཧོས་ཧོང་། ཡོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་འཐུས་མི་ཅང་ཙེ་ཏུང་བཅས་ཀྱིས་སོ་སོར་རྟེན་འབྲེལ་ཤིས་ཚིག་ཕུལ་ཞིང་། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་སྐུ་མགྲོན་དང་མཉམ་དུ་མིང་འགོད་པའི་མཛད་སྒོར་ཐེངས་དང་པོར་ཞུགས་པ་མ་ཟད་དགའ་སྤྲོའི་ངང་འགྲེམ་སྟོན་དུ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞོ་ཡིས་ཚོགས་མགོ་བརྩམས་པའི་མཛད་སྒོར་མགོ་འཛིན་བྱས།

ལོ་ཧོས་ཉིན་གྱིས་བསྟན་དོན། ཀྲུང་གོ་མཚོ་སྔོན་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་བསྒྲུབས་པ་དེ་ནི། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕྱོགས་ཡོངས་ནས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་དུ་གཏོང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་འཛིན་པའི་སྐོར་གྱི་བྱ་སྤྱོད་དངོས་ཡིན་ལ། ཀྲུང་གོ་མཚོ་སྔོན་ཞིང་ཆེན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱ་བ་ཇེ་ཟབ་དུ་གཏོང་བའི་སྐོར་གྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད་ཟེར། ཁོས་བཤད་རྒྱུར། ཀྲུང་གོ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། མཚོ་སྔོན་གྱི་འཕེལ་རྒྱས་ཉིན་རེ་བཞིན་ཇེ་མགྱོགས་སུ་སོང་བས། གསར་གཏོད་ཀྱི་སྦས་ཤུགས་ཆེ་ཞིང་། འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེ་བའི་ཞིང་ཆེན་ཞིག་རེད། རྫ་ཆུའི་བཞུར་རྒྱུན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་དམ་དུ་བཏང་བས། ང་ཚོས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ཐད་ལ་མདུན་ལྗོངས་ཆེན་པོ་ཡོད་པ་དང་། ང་ཚོས་ཀྲུང་གོ—ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས། རེབ་འདིའི་འགྲེམ་སྟོན་ཚོགས་འདུ་མགོ་རྩོམ་སར་བརྩིས་ནས། ཕྱོགས་ཡོངས་ནས་ཕྱོགས་གཉིས་ཀྱི་བརྗེ་རེས་བྱ་བ་རྒྱ་བསྐྱེད་དེ། དུས་ཡུན་རིང་ཞིང་བརྟན་འཇགས་ཡིན་པའི་མཉམ་ལས་འབྲེལ་བ་འཛུགས་དགོས་པ་དང་། མཉམ་དུ་གཉིས་ཕན་མཉམ་རྒྱལ་གྱི་མཛེས་སྡུག་གི་མ་འོངས་བ་གསར་སྐྲུན་བྱེད་འདོད་ཡོད། བུའུ་ཧོས་ཧོང་གིས་ཤིས་ཚིག་འབུལ་སྐབས་ཡོ་ནན་བཟོ་ཚོང་ཉོ་ཚོང་པུའུ་ཡི་ཚབ་བྱས་ཏེ་ལོ་ཧོས་ཉིན་གྱིས་ཁྲིད་པའི་ཀྲུང་གུང་འཐུས་ཚབ་ཚོགས་པ་དང་དེ་མིན་དཔལ་འབྱོར་ཉོ་ཚོང་ཚོགས་པ་ཡོ་ནན་ལ་འཚམས་འདྲིར་ཡོང་བ་མ་ཟད་ཧི་ནེ་ནས་བསྡུས་པའི་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས།

ཉིན་དེའི་སྔ་དྲོར་ལོ་ཧོས་ཉིན་གྱིས་ད་རུང་སྔ་གཞུག་ཏུ་ཡོ་ནན་བཟོ་ཚོང་ཉོ་ཚོང་པུའུ་ཀྲང་བུའུ་ཧོས་ཧོང་དང་། ཡོ་ནན་བཟོ་ཚོང་ཚོགས་པའི་ཀྲུའུ་ཞི་བུའུ་ཅིན་ལུའུ་སོགས་དང་མཉམ་དུ་གྲོས་མོལ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག