མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་རོང་འབྲོག་པ་མི་ཁྲི5.5ཡིས་མཚོ་ནུབ་ཏུ་འདྲེ་ཚེར་མ་ཏོག་ནས་མི་རེར་ཆ་སྙོམས་ཡོང་སྒོ་སྒོར6100རེ་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-29 11:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཟླ10བའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། ད་ལོར་མཚོ་ནུབ་ཁུལ་གྱི་འདྲེ་ཚེར་མ་ཏོག་པའི་དུས་ཚིགས་རང་བཞིན་གྱི་རྩོལ་ལས་ཕྱིར་གཏོང་བྱ་བ་བདེ་བླག་ངང་མཇུག་བསྒྲིལ། ད་ལོར་འདྲེ་ཚེར་མ་ཏོག་པའི་ལས་ཀའི་ནང་ཞུགས་པའི་རོང་འབྲོག་པ་མི་ཁྲི5.5ཡོད་པ་དང་རྩོལ་ལས་ཡོང་སྒོ་སྒོར་དུང་ཕྱུར3.38བསྐྲུན་ལ། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར6100ལ་སླེབས་ཤིང་། ན་ནིང་གི་མི་གྲངས་ལས་མི་ཁྲི0.93ཇེ་མང་ལ་སོང་བ་དང་རྩོལ་ལས་ཡོང་སྒོ་སྒོར་དུང་ཕྱུར1.28ཇེ་མང་ལ་སོང་ཞིང་། མི་རེའི་ཆ་སྙོམས་ཡོང་སྒོ་དུས་མཉམ་ལས་སྒོར1500ཇེ་མཐོར་སོང་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག