མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གནམ་ལོ་གསར་བའི་ཤིས་ཚིག་མེ་ཏོག་ཕྲེང་བ།

    2014-01-23 12:36

    ཀྲུང་གོའི་བོད་ཀྱི་དྲ་བའི་བོད་ཡིག་རྩོམ་སྒྲིག་ཁང་གིས་རྒྱ་ཆེ་བའི་དྲ་དམངས་ཡོངས་ཀྱིས་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པའི2014ལོའི་ལུགས་རྙིང་ལོ་སར་དང་།བོད་རབ་བྱུང་བཅུ་བདུད་པའི་ཤིང་ཕོ་རྟའི་ལོ་སར་ལ་རོལ་བའི་བདེ་ལེགས་འབྱུང་བའི་དུས་སྐབས་འདིར།གནམ་ལོ་གསར་བའི་ཤིས་ཚིག་མེ་ཏོག་ཕྲེང་བ་ཞེས་པའི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ཏེ། རྒྱ་ཆེ་བའི་དྲ་དམངས་རྣམས་ལ་མེས་རྒྱལ་དང་མི་རིགས་ཀྱི་དར་རྒྱས་དང་འཆམ་མཐུན་འདུས་པའི་ཀྲུང་གོའི་འདུན་མའི་སྨོན་ཚིག་དང་ཤིས་བརྗོད་བརྗོད་གཞི་ཡིན་ཞིང་། དྲ་དམངས་རང་རང་གི་གནམ་ལོ་གསར་བའི་སྨོན་ལམ་དང་འདུན་མ། དེ་བཞིན་གཉེན་ཉེ་སྤུན་གྲོགས་སོགས་ལ་བཀྲ་ཤིས་པའི་སྨོན་ཚིག་འབུལ་བ་སོགས་རྣམ་པ་ཡིན་ཞིང་། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་གཏམ་གླེང་གར་སྟེགས་ཤིག་བཀོད་སྒྲིག་བྱས་ཡོད།ཐེངས་འདིའི་ཆེད་སྒྲིག་གི་རྩོམ་ལུས་ལ་ངེས་གཏན་མེད་པས། བཅད་ལྷུག་སྤེལ་མ་གང་རུང་ཡིན་ཆོག་ལ། དྲ་ཐོག་དང་ལག་ཁྱེར་ཁ་པར་བཅས་གང་རུང་སྒོས་བསྐུར་ཆོག་ཅིང་། རྩོམ་ཡིག་འབྱོར་པའི་དུས་སྐབས་དང་པོར་ཆེད་སྒྲིག་ནང་བཀོད་རྒྱུ་ཡིན།རྩོམ་ཡིག་བསྐུར་ཡུལ་ནི 553137629@qq.com།རྩོམ་བསྡུ་དུས་ཚོད་ནི2014ལོའི་ཟླ་དང་པོའི་ཚེས20ཉིན་ནས། 2014ལོའི་ཟླ་གསུམ་པའི་ཚེས15ཉིན་བར་ཡིན། ཐེངས་འདིའི་ཆེད་སྒྲིག་མཇུག་རྫོགས་རྗེས། སྔར་ཡོད་བཀོད་གནས་སུ་དུས་ཡུན་རིང་པོར་འཇོག་རྒྱུ་ཡིན་ཞིང་། ང་ཚོས་རྩོམ་སྒྲིག་བྱེད་བཞིན་པའི་དྲ་ཐོག་བྱ་དགའ་ཡོད་པའི་ཕུལ་བྱུང་རྩོམ་ཡིག་འདུས་པའི་ཀྲུང་གོའི་བོད་ཀྱི་དྲ་བའི་ཕུལ་བྱུང་རྩོམ་ཡིག་ཅེས་པའི་དཔེ་ཚོགས་སུ་འདེམས་སྒྲིག་བྱ་རྒྱུ་ཡིན་པས། རྒྱ་ཆེའི་དྲ་དམངས་རྣམས་ཀྱིས་རྩོམ་ཡིག་སྣ་ཚོགས་བསྐུར་ཏེ།བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པའི་གནམ་ལོ་གསར་བར་རོལ་དང་ལྷན། རང་རང་གིས་ནུས་ཡོད་གང་ལྕོགས་སྒོས་བོད་ཀྱི་རྩོམ་ཡིག་གསར་རྩོམ་བྱ་བ་དེ། ཕུན་སུམ་ཇེ་ཚོགས་སུ་གཏོང་བར་སྟོབས་ཤུག་འབུལ་རྒྱུར། སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། །

    གཞན་རང་རང་གི་ཡུལ་ཕྱོགས་རང་ཞིན་གྱི་ཁྱད་ཆོས་ལྡན་ཞིང་ཐུན་མོང་མ་ཡིན་པའི་དམངས་སྲོལ་དང་མཛད་སྒོ། སྤྲོ་འདུས་སྣ་ཚོགས་ཀྱི་འདྲ་པར་དང་བརྙན་གཟུགས་བསྐུར་ན་ཡང་། ང་ཚོས་འོས་མཚམས་ཀྱི་ལེ་ཚན་དུ་བཀོད་སྒྲིག་བྱ་རྒྱུ་ཡིན། མཐར་རྒྱ་ཆེ་བའི་དྲ་དམངས་གཙོ་ཡིན་པའི་ཡུལ་མི་སྤུན་ཟླ་རྣམས་ལ་གནམ་ལོ་གསར་བར་བཀྲ་ཤིས་བདེ་ལེགས་འབྱུང་བར་ཡང་ཡང་སྨོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག