མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་དང་ལའོ་ཧུའེ་ཉིན་གྱི་གཏམ་བཤད་གལ་ཆེན་གནང་།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-25 11:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་སོ་སོ་བདེ་བླག་སྤེལ་ཏེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་བསྒྲིལ།

ཚོགས་འདུར་ཞུགས་དགོས་པའི་འཐུས་མི397དང་དོན་དངོས་སུ་འབྱོར་བའི་འཐུས་མི370ཡོད་པས་ཁྲིམས་ལུགས་གཏན་འཁེལ་གྱི་མི་གྲངས་དང་མཐུན།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་ལའོ་ཧུའེ་ཉིན་དང་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན། ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཝིན་ཧུའུ། མ་ཝེ། ཚའོ་ཧུང་བཅས་དང་དྲུང་ཡིག་ཆེན་མོ་ཚའེ་ཏི་ཀོས་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲས་བསྡད་ཡོད།

ཧའོ་ཕིན་དང་རིན་ཆེན་རྒྱལ། ཝང་ཅན་ཅིན། ལའོ་ཡུས་ལིན། ཅི་ཏེ་མ་ཅ། རྡོ་རྗེ་རབ་བརྟན། ཝང་ལིན་ཅིན། ཝང་ཞའོ་ཆིན། ཀྲང་ཀོང་རོང་། སུའུ་ཉིན། ཝུའུ་ཡུས་ཏི། མའོ་ཞའོ་པིན། བསྟན་ཁོ་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

མུའུ་ཏུང་ཧྲིན་གྱིས་མཇུག་སྒྲིལ་ཚོགས་ཆེན་ལ་མགོ་འཛིན་བྱས།

ཚོགས་འདུའི་སྟེང་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་མི་སྣ་དང་འདེམས་ཤོག་ལྟ་སྐུལ་མི་སྣའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་ལ། ཁོང་ཡུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དང་། ཝང་ཀོང་ཆན་དང་ཏུའུ་ཅེ། དབྱང་ཞུང་ཨེ་བཅས་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དུ་བདམས། སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་གནས་ཚུལ་དང2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྐོར་གྱི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་བྱུང་། མཚོ་སྔོན་ཞིང་ཆེན་གྱི2013ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང2014ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་བྱུང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་སྐོར་གྱི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཐག་གཅོད་འཆར་ཟིན་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་ལའོ་ཧུའེ་ཉིན་གྱིས་མཇུག་སྒྲིལ་ཚོགས་ཆེན་སྟེང་གཏམ་བཤད་གལ་ཆེན་གནང་།

ལའོ་ཧུའེ་ཉིན་གྱིས་བསྟན་དོན། དུས་ཡུན་ལོ་ཕྱེད་རིང་གི་སྐོར་དང་པོའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་བསྟར་བྱ་འགུལ་སྤེལ་བ་དེས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ལམ་ཕྱོགས་ནི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་ཉམས་མྱོང་ཁྲོད་བླངས་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ང་ཚོའི་ཏང་གི་ཚེ་སྲོག་དང་གཞི་རྩའི་བྱ་བའི་ལམ་ཕྱོགས་ཡིན་པར་ངོས་འཛིན་ཟབ་མོ་ཐོབ་ལ། ང་ཚོས་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དེ་མཚོ་སྔོན་ནས་དར་རྒྱས་སུ་གཏོང་དགོས་ན་ནམ་ཡིན་ཡང་ངེས་པར་དུ་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།

ལའོ་ཧུའེ་ཉིན་གྱིས་ནན་གྱིས་བསྟན་དོན། དམངས་འཐུས་ཚོགས་ཆེན་དེ་མི་དམངས་ཀྱིས་རྒྱལ་ཁབ་དབང་ཆ་ལག་བསྟར་བྱེད་པའི་ལས་ཁུངས་ཞིག་ཡིན་པར་བརྟེན་ཆེས་ཆེ་བའི་ལེགས་ཆ་ནི་མང་ཚོགས་དང་འབྲེལ་བ་ཟབ་མོ་ཡོད་པ་དེ་ཡིན་ཞིང་། ཆེས་ཆེ་བའི་ཉེན་ཁའང་མང་ཚོགས་དང་ཁ་བྲལ་བ་དེ་ཡིན། ང་ཚོས་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་བྱས་ཏེ་རང་འགུལ་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་དེ་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཕྱོགས་སོ་སོ་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་ལ་འགན་སྲུང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས་སྤྱི་ཚོགས་དྲང་བདེན་ཡོང་བར་སྐུལ་འདེད་བྱེད་དགོས་ལ། དམངས་འཐུས་ཚོགས་ཆེན་འཐུས་མིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ནམ་ཡིན་ཡང་མི་དམངས་ཀྱི་བློ་སེམས་དང་གཅིག་ཏུ་སྦྲེལ་ནས། ང་ཚོའི་ལས་དོན་ལ་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས་ཟེར།

ཀྲུའུ་ཞི་སྟེགས་བུའི་སྟེང་ད་རུང་ལིས་སུང་ཧྲན་དང་མ་ཧྲིན་ཆིན། ཀྲང་ཅན་མིན། ལིག་ཀྲི་ཆང་། ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཞིན་ཀའོ་པིན། ཁོང་ཡུང་། ཁྲིན་ཙི་ཆོན། ལའོ་ཁྲོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། ལིས་ཞོན་ཧྲིན། ཅི་རིན་ཧྥིན། གཟིམ་ཁང་། ངག་དབང་བསོད་ནམས། ཏུང་ཁའེ་ཅིན། ཝང་ཞའོ་ཡུང་། དབྱང་ཞུང་ཨེ། མ་ཧྥུ་ཧའེ། ལིག་ཞའོ་སོགས་བསྡད་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག