མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འབྲོག་པ་མང་ཚོགས་ཀྱིས་མ་རྐང་བཞག་ནས་ཡོང་སྒོ་འཕར་བ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-03-17 11:43

སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་སྡུད་བཞིན་པ།

འབྲོག་པ་མང་ཚོགས་ལ་ཁེ་སྤོགས་ཐོབ་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ༣པའི་ཚེས༡༣ཉིན།མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མཛོད་ལུང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་སྡེ་བ་དེར༢༠༡༣ལོའི་ལོ་མཇུག་གི་བྱ་བའི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་བསྡུས་ནས། མ་རྐང་བཞག་པའི་འབྲོག་པ་མང་ཚོགས་ལ༢༠༡༣ལོའི་ཁེ་སྤོགས་སྒོར་ཁྲི༤༩༡བྱིན་པ་རེད།

    མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་རྩྭ་སའི་ཕྱུགས་ལས་ཧུར་ཐག་གིས་སྤེལ་བ་དང་། ཕྱུགས་ལས་ལམ་ལུགས་སྣ་ཚོགས་ཁྱབ་གདལ་དུ་བཏང་ཐོག སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ལམ་ལུགས་ཀྱི་དཔལ་འབྱོར་གོང་སྤེལ་ལམ་་བུ་འཚོལ་ཞིབ་བྱས་ཤིང་། འབྲོག་པ་མང་ཚོགས་ཀྱིས་ལག་དངུལ་དང་། ཕྱུགས་ཟོག རྩྭ་ས་སོགས་མ་རྐང་དུ་བྱས་ནས་རང་མོས་ཀྱིས་ཐོན་སྐྱེད་ལས་གཉེར་བྱ་འགུལ་རྩ་འཛུགས་བྱས་པས་ཡོང་སྒོ་ཆེས་ཆེར་འཕར་སྣོན་བྱུང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག