མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-19 11:03

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་སྤྱི་ཚོགས་འགན་སྲུང་ལམ་ལུགས་མུ་མཐུད་ཇེ་ལེགས་སུ་བཏང་ནས། རོང་འབྲོག་མང་ཚོགས་ཀྱིས་མཁར་གྲོང་ཡོངས་ལ་ཁེབས་པ་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་འགན་སྲུང་དྲ་རྒྱའི་ཐད་ནས་བླངས་པའི་ཕན་འབྲས་སྣ་ཚོགས་ལོངས་སྤྱོད་བྱེད་ཐུབ་པ་བྱུང་།

    མིག་སྔར། ཞིན་ཧེ་རྫོང་དུ་མཁར་གྲོང་ལས་བཟོ་བའི་མ་མཐའི་རྒན་གསོ་འགན་སྲུང་དང་མཁར་གྲོང་ལས་བཟོ་བའི་མ་མཐའི་སྨན་བཅོས་འགན་སྲུང་། ལས་རྨས་འགན་སྲུང་། ལས་ཤོར་འགན་སྲུང་། བུ་སྐྱེས་འགན་སྲུང་། རྣམ་པ་གསར་བའི་རོང་འབྲོག་ཕྱོགས་ཀྱི་མཉམ་ལས་སྨན་བཅོས་འགན་སྲུང་། རྣམ་པ་གསར་བའི་རོང་འབྲོག་ཕྱོགས་ཀྱི་སྤྱི་ཚོགས་རྒན་གསོ་འགན་སྲུང་བཅས་ཀྱི་མ་མཐའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་མ་ལག་ཅིག་ཐོག་མར་གྲུབ་པ་དང་། 2013ལོར། ཞིན་ཧེ་རྫོང་གི་རྣམ་པ་གསར་བའི་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་རྒན་གསོ་ཁྲོད་ཞུགས་པའི་མི་གྲངས་ཁྲི་གསུམ་དང་བརྒྱད་བརྒྱར་བསླེབས་པ་དང་། འགན་སྲུང་ཁྲོད་ཞུགས་ཚད་བརྒྱ་ཆའི་དགུ་བཅུ་ལྷག་ལ་བསླེབས། རྣམ་པ་གསར་བའི་རོང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་ཁྲི་ལྔ་དང་སྟོང་གསུམ་ལ་བསླེབས་པ་དང་། འགན་སྲུང་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་དགུ་ལྷག་ལ་བསླེབས།

    མི་ཚང་མ་སྤྱི་ཚོགས་འགན་སྲུང་ཁྲོད་ཞུགས་པར་འགན་སྲུང་བྱེད་ཆེད། ཞིན་ཧེ་རྫོང་གིས་སྤྱི་ཚོགས་འགན་སྲུང་གི་ཆ་འཕྲིན་ཐོ་འགོད་བྱ་བ་སྤེལ་ནས། སྲིད་འཛིན་སྡེ་བ་དང་ཡང་ན་སྡོད་ཁུལ་སྡེ་ཁག་ཏུ་བྱས་ཏེ། རང་ས་གནས་ཀྱི་ཁྱིམ་ཐོ་ཡིན་པའི་གྲོང་གསེབ་སྡོད་དམངས་ལ་སྤྱི་ཚོགས་འགན་སྲུང་གི་ཆ་འཕྲིན་ཐོ་འགོད་བྱས་པར་མ་ཟད། ཆ་འཕྲིན་དེ་དག་གཅིག་གྱུར་གྱིས་སྤྱི་ཚོགས་འགན་སྲུང་ཆ་འཕྲིན་ཐོ་འགོད་གྲངས་མཛོད་ཁྲོད་བཞག་ནས། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་རྫོང་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཁྲོད་ཞུགས་པའི་གནས་ཚུལ་དངོས་ལ་རྒྱུས་ལོན་གསལ་བོ་བྱེད་ཐུབ་པ་མ་ཟད། སྤྱི་ཚོགས་འགན་སྲུང་ཁྲོད་ཞུགས་པའི་མིར་དོ་དམ་ཡང་དག་བྱེད་ཐུབ་པར་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག