མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐོར་ཐེངས་གསར་བའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་བྱ་བ་སྤེལ་མགོ་བརྩམས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-19 11:04

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚེས་བཅོ་བརྒྱད་ཉིན་འགན་ནུས་སྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་བྱ་བའི་སྐུལ་སློང་གྲོས་ཚོགས་བསྡུས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི«མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་གྱི་ཇུས་གཞི»བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་བྱ་བར་སྐུལ་སློང་དང་བཀོད་སྒྲིག་བྱས། ཧའོ་ཕིན་གྱིས་གཏམ་གལ་ཆེན་བཤད།

    ཝང་ཅན་ཅུན་དང་ཝང་ལིན་ཅུན་གཉིས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་པ་དང་། ལོ་ཡིས་ལིན་དང་མཱ་ཧྲུན་ཆིན། ཀྲང་ཅན་མེན། ལིག་ཀྲི་ཆང་། ཡན་ཅིན་ཧེ་བཅས་ཚོགས་འདུར་ཞུགས་ལ། ཝང་ཞོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

    ཧའོ་ཕིན་གྱིས་གཏམ་བཤད་སྐབས་བསྟན་དོན། ས་གནས་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་བྱ་བ་སྤེལ་རྒྱུ་ནི། འཕེལ་རྒྱས་ཀྱི་གནས་བབ་ཆེན་པོར་བསྟུན་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་དགོས་མཁོ་ཡིན་པ་དང་། ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་དང་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བར་ཕན་པའི་དགོས་མཁོ་ཡིན་ལ། སྲིད་གཞུང་གི་འགན་ནུས་སྔར་ལས་ལག་བསྟར་བཟང་བོ་བྱས་ཏེ་མཚོ་སྔོན་གྱི་སྲིད་སྐྱོང་ནུས་པ་ཇེ་ཆེར་གཏོང་བའི་དགོས་མཁོ་ཡིན་པས། དེའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས། བཅོས་སྒྱུར་སྤེལ་བའི་འགན་ཁུར་གྱི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

    ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་གྱི་སྤྱིའི་རེ་བ་དང་ལས་འགན་གཙོ་བོ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། ལས་འགན་ལྔ་གཙོ་གནད་དུ་བཟུང་ནས་ཡོངས་འགྲུབ་བྱེད་དགོས་ཏེ། གཅིག སྲིད་བསྡུ་དབང་གཏོང་གི་བྱ་བ་དངོས་སུ་དམ་འཛིན་བྱེད་དགོས། གཉིས། དོ་དམ་ཞུབས་ཞུ་གསར་སྐྲུན་གང་ལེགས་བྱེད་དགོས། གསུམ། རྩ་འཛུགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། བཞི། ལས་ཁུངས་ཀྱི་སྒྲིག་ལུགས་དོ་དམ་གཟབ་ནན་དུ་གཏོང་དགོས། ལྔ། ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་བཅོས་སྒྱུར་གཅིག་གྱུར་གྱིས་སྤེལ་དགོས་ཟེར།

    ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། མགྱོགས་མྱུར་ངང་འགན་ནུས་སྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་བྱེད་རྒྱུ་ནི། སྲིད་གཞུང་རང་སྟེང་གི་བཅོས་སྒྱུར་ཆེན་པོ་ཞིག་ཡིན་པས། བྱ་བ་འདི་སྒྲུབ་པར་དཀའ་ངལ་ཆེན་པོ་ཡོད་པར་མ་ཟད། སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ལས་ཁུངས་སོ་སོས་ཧ་ཅང་མཐོང་ཆེན་དང་རྩ་འཛུགས་ཞིབ་མོ་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ལྟར་ལག་བསྟར་དངོས་འབེབས་བྱེད་དགོས་པར་མ་ཟད། དུས་ལྟར་འགན་ཁུར་ཡོངས་འགྲུབ་བྱེད་པར་འབད་བརྩོན་ལྷོད་མེད་བྱས་ཏེ། སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་བྱེད་པའི་བྱ་བར་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག