མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་གཉིས་པའི་ལམ་རྒྱུད་ཀྱི་བཀའ་འགྱུར་ཕུག་ལམ་གསར་བ་བརྟོལ་བ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 10:15

 1.jpg

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་། གནམ་ས་གཡོ་བའི་ལྡིར་སྒྲ་དྲག་པོ་ཞིག་གྲགས་པ་དང་མཉམ་དུ། ལས་ཡུན་ལོ་དྲུག་དང་ཟླ་ལྔའི་རིང་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་སོ་གཉིས་ལྷག་ཡོད་པའི་མཚོ་བོད་ལྕགས་ལམ་གྱི་ཡ་གྱལ་ཏེ། ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་གཉིས་པའི་བཟོ་སྐྲུན་ཆེ་གྲས་བཀའ་འགྱུར་ཕུག་ལམ་གསར་བ་དངོས་སུ་བརྟོལ་བ་དང་། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་ལ་ཕུག་ལམ་འདི་ནས་མེ་འཁོར་དངོས་སུ་ཤར་བགྲོད་བྱེད་ཐུབ་རྒྱུ་རེད། པར་འདི་ནི་ལས་བཟོ་བ་རྣམས་ཀྱིས་བཀའ་འགྱུར་ཕུག་ལམ་གསར་བ་བརྟོལ་བར་དགའ་འབོད་བྱེད་ཀྱིན་པའི་ཚུལ་རེད།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་། གནམ་ས་གཡོ་བའི་ལྡིར་སྒྲ་དྲག་པོ་ཞིག་གྲགས་པ་དང་མཉམ་དུ། ལས་ཡུན་ལོ་དྲུག་དང་ཟླ་ལྔའི་རིང་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་སོ་གཉིས་ལྷག་ཡོད་པའི་མཚོ་བོད་ལྕགས་ལམ་གྱི་ཡ་གྱལ་ཏེ། ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་གཉིས་པའི་བཟོ་སྐྲུན་ཆེ་གྲས་བཀའ་འགྱུར་ཕུག་ལམ་གསར་བ་དངོས་སུ་བརྟོལ་བ་དང་། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་ལ་ཕུག་ལམ་འདི་ནས་མེ་འཁོར་དངོས་སུ་ཤར་བགྲོད་བྱེད་ཐུབ་རྒྱུ་རེད།

    མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་གྱི་ལྕགས་ལམ་གཉིས་པ་ནི་ཤར་ནས་ཟི་ལིང་མེ་འཁོར་ས་ཚིགས་ནུབ་མ་ནས་མགོ་བརྩམས་ཏེ་སྟོང་སྐོར་ཁོག་དང་གཏེར་ལེན་ཁ་སོགས་བརྒྱུད་དེ་ནུབ་ཏུ་ན་གོར་མོ་གྲོང་ཁྱེར་བར་དུ་གཏུགས་ཡོད་ལ།ལ མ་རྒྱུད་སྤྱིའི་རིང་ཚད་ལ་སྤྱི་ལེ་བདུན་བརྒྱ་རེ་གསུམ་ལྷག་ཡོད་ཅིང་། འཆར་འགོད་ལྟར་ན་ལམ་རྒྱུད་དེ་ནས་ལོ་རེའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་བྱེ་བ་ལྔ་ཡིན། ཟི་ལིང་ནས་ན་གོར་མོའི་བར་གྱི་ལྕགས་ལམ་གཉིས་པ་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ་ལས་གཞན། ད་དུང་ད་ལོར་ཤར་བགྲོད་བྱེད་ལ་ཉེ་བའི་ལྷ་ས་ནས་གཞིས་ཀ་རྩེའི་བར་གྱི་སྐྱེལ་འདྲེན་ལྕགས་ལམ་དང་འབྱུང་འགྱུར་སྐྱེལ་འདྲེན་བྱེད་པར་སྟ་གོན་བྱེད་ཀྱིན་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སོགས་ལ་མཐུན་རྐྱེན་བསྐྲུན་ནས། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་མཚོ་བོད་ཞིང་ལྗོངས་གཉིས་ཀྱི་ལྕགས་ལམ་དྲ་རྒྱའི་སྒྲིག་གཞི་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བར་ཕན་པ་མ་ཟད། མཚོ་བོད་ཞིང་ལྗོངས་གཉིས་དང་ནང་ལོགས་བར་གྱི་དཔལ་འབྲེལ་འདྲིས་དང་མི་སྣའི་འགྲོ་འོང་ཐད་སྟབས་བདེ་བཟོ་བ་དང་། རྒྱལ་ཁོངས་གསར་སྤེལ་དང་མི་རིགས་མཐུན་སྒྲིལ། རྒྱལ་སྲུང་སྲ་བརྟན་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

    བཀའ་འགྱུར་ཕུག་ལམ་གསར་བ་ནི་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་བཟོ་སྐྲུན་གྱི་ལས་སྒོ་གལ་ཆེན་ཞིག་ཡིན་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཐེམ་ཆེན་རྫོང་དང་ཝུའུ་ལན་རྫོང་གཉིས་མངའ་ཁོངས་ཀྱི་བཀའ་འགྱུར་རི་བོའི་འདབས་སུ་ཡོད་ཅིང་། མཚོ་ངོས་ལས་ཆེས་མཐོ་ཚད་ལ་སྨི་སུམ་སྟོང་ལྔ་བརྒྱ་ཙམ་ཡོད། ས་བབ་ཀྱི་དབང་གིས་དབྱང་དབུགས་དཀོན་པ་དང་ལ་གཟར་བ་སོགས་རྒྱུ་རྐྱེན་དུ་མས་ལས་བཟོ་བ་རྣམས་དཀའ་ངལ་མི་ཉུང་བར་གཏད། ཕུག་ལམ་ནང་གི་ཆུ་ཕྱི་རུ་འཕོ་བ་སོགས་ལ་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ལག་རྩལ་དང་བཟོ་རྩལ་བཀོལ་ནས། བཟོ་སྐྲུན་བདེ་འཇགས་ངང་སྤེལ་བར་འགན་ལེན་ཁག་ཐེག་བྱས།

    རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། བཀའ་འགྱུར་ཕུག་ལམ་གསར་བའི་སྟེང་མེ་འཁོར་བཏང་རྗེས། མེ་འཁོར་བཀའ་འགྱུར་རི་བོ་བརྒྱུད་ནས་འགྲོ་ཡུན་སྔོན་ཆད་ལས་ཆུ་ཚོད་གཉིས་ནས་སྐར་མ་ཉི་ཤུས་ཇེ་ཐུང་དུ་བཏང་ཡོད་པས། དེས་མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག