མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གི་རོང་འབྲོག་ཁྱིམ་ཚང2755ལ་ད་ལོར་གློག་འཐེན་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-21 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རོང་འབྲོག་དམངས་ཀྱི་གློག་བཀོལ་བའི་གནད་དོན་ཐག་གཅོད་པ་དང་རོང་འབྲོག་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་བྱེད་ཐབས་སྤྱད་དེ། ད་ལོར་རྐ་འབའ་སུམ་མདོ་གྲོང་རྡལ་དང་ཞོལ་མ་ཤང་། རྨ་བྱང་ཤང་སོགས་ས་ཁུལ་གྱི་རོང་འབྲོག་ཁྱིམ་ཚང2755ལ་གློག་འཐེན་རྒྱུ་རེད།

ཁྱིམ་ཚང་དག་ཁ་ཐོར་དུ་གནས་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བས་ཐུན་ཏེ་རྫོང་གིས་རྐ་འབའ་སུམ་མདོ་དང་ཞོལ་མ་ཤང་། རྨ་བྱང་ཤང་སོགས་ས་ཁུལ་གྱི་རོང་འབྲོག་ཁྱིམ་ཚང་ལ་གློག་འཐེན་མ་ཐུབ་པར་ལུས་ཤིང་། ཐོན་སྐྱེད་འཚོ་བ་འཕེལ་རྒྱས་ལ་བཀག་རྒྱ་ཐེབས། རོང་འབྲོག་པ་མང་ཚོགས་ལ་སྔ་མོ་ནས་གློག་འཐེན་པ་དང་འཚོ་བར་སྟབས་བདེ་བསྐྲུན་ཆེད། ཐུན་ཏེ་རྫོང་གིས་ད་ལོར་ཤུགས་ཆེན་པོས་གློག་མེད་པའི་རོང་འབྲོག་ཁྱིམ་ཚང་ལ་གློག་འཐེན་པའི་གནད་དོན་དེ་ས་ཁུལ་གྱི་དམངས་འཚོའི་ཁོར་ཡུག་ལེགས་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ཏེ། རོང་འབྲོག་དམངས་ཀྱི་དམངས་ཕན་སྲིད་ཇུས་ལ་ཤུགས་བསྣན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བཟོ་འགོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཕྱོགས་ཡོངས་ནས་གློག་མེད་པའི་ཁྱིམ་ཚང་ལ་གློག་འཐེན་པར་སྐུལ་འདེད་བྱས། རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་དང་འབྲེལ་ནས་རོང་འབྲོག་དམངས་ལ་གཅིག་བསྡུའི་གློག་མཁོ་འདོན་བྱས་ལ། ཉི་འོད་གློག་འདོན་ས་ཚིགས་དང་ཁྱིམ་སྤྱོད་ཉི་ནུས་སྒྲིག་ཆས་ལ་བརྟེན་ནས་མཐའ་ཁུལ་རོང་འབྲོག་དམངས་ལ་གློག་འཐེན་པའི་གནད་དོན་ཐག་བཅད་དེ། ཕན་ནུས་ལྡན་པའི་སྒོ་ནས་གློག་འཐེན་པའི་ལས་གཞིའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག